ལུག་ཚང་དཔལ་ཡོན།

བོད་སྐད་ཡིག་དང་རིག་གནས་ཀྱི་གསོན་ཤུགས་གསར་པ།

རྩོམ་ཡིག་གསར་པ།

བོད་ལྗོངས་ཞོལ་འདོད་དཔལ་སྲོལ་རྒྱུན་བཟོ་རིག་སློབ་གྲྭ།

p31024231

  བོད་ལྗོངས་ཞོལ་འདོད་དཔལ་སྲོལ་རྒྱུན་བཟོ་རིག་སློབ་གྲྭ། ངེད་སློབ་གྲྭ་ནི་༢༠༡༠ལོར་གསར་དུ་བཙུགས་པ་དང་བོད་རང་སྐྱོང་ལྗོངས་འབྲེལ་ཡོད་ཚན་པའི་ཆོག་མཆན་ཐོབ་ལ། ལྗོངས་ཡོངས་ནང་ལྷ་བྲིས་དང་ལྷ་བཟོ། ཤིང་བཟོ། རྫ་བཟོ་བཅས་བཞིའི་སློབ་གཉེར་བྱེད་ཆོག་པའི་དམངས་ཁྲོད་སློབ་གྲྭ་ཞིག་རེད། དེ་བས་ངེད་སློབ་གྲྭ་ནས་སྤྱི་ཚོགས་ཁེ་ལས་ཀྱི་འཁོར་རྒྱུག་བྱེད་སྟངས་མ་དཔེར་བཟུང་སྟེ་ཞིང་འབྲོག་ཁུལ་གྱི་དབུལ་ཕོངས་ཁྱིམ་ཚང་གི་བུ་ཕྲུག་དང་། དབང་སྐྱོན་ན་གཞོན། ཕ་མ་མེད་པའི་དྭ་ཕྲུག་སློབ་གྲྭ་དེར་བསྡུས་ནས་དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་ཆེན་པོ་ཞིག་ཆགས་ཡོད་པ་དང་ཆབས་ཅིག་སྲོལ་རྒྱུན་གྱི་ལག་ཤེས་དང་རིག་གནས། སྒྱུ་རྩལ་སོགས་བསླབ་ཏེ་མི་རིགས་ཀྱི་ལག་ཤེས་རྒྱུད་འཛིན་དར་སྤེལ་ཡོང་བ་བྱེད་ཀྱི་ཡོད། དུས་མཚུངས་སློབ་མ་དེ་དག་ལ་རང་ཁ་རང་གསོ་ཐུབ་པ་དང་། ཁྱིམ་ཚང་སྐྱོང་བར་བྱེད་པའི་འཇོན་ཐང་ཞིག་རྒྱུད་ལ་འཇག་པར་བྱེད་ཀྱི་ཡོད།  ལུག་རིན་པོ་ཆེ། ལུག་ཚང་དཔལ་ཡོན་གྱི་ཚོགས་གཙོ་ཡེ་ཤེས་བསྟན་འཛིན་ཡིན་ནམ་དྲ་ཐོག་ཏུ་ལུག་རིན་པོ་ཆེ་འབོད་པའི་མི་འདི་ཡིན།

ཤེས་བྱ་ཀུན་བཏུས་དྲ་ཚིགས་སུ་ཚིག་ཚན་གསར་བཟོ་བྱེད་ཐབས།

150607093144

ཤེས་བྱ་ཀུན་བཏུས་དྲ་ཚིགས་ཤར་གཏོང་བྱས་ཟིན། འདི་ནི་བོད་ཡིག་དང་བོད་ཀྱི་རིག་གནས་སྤྱི་ལ་ཕན་པའི་དྲ་ཚིགས་ཆེན་པོ་ཞིག་རེད།  མིག་སྔར་ཐོ་འགོད་པའི་ནུས་པ་བཀག་ནས་ཡོད། དེ་ཡང་དྲ་ཚིགས་འདི་སྤུས་དག་དང་བདེ་འཇགས་ཞིག་ཡོང་ཆེད་གུས་པ་རང་ཉིད་ཀྱིས་དང་བླངས་པ་དག་ལ་ཐོ་འགོད་པ་དང་དོ་དམ་བྱེད་ཀྱི་ཡོད། གལ་ཏེ་ཁྱེད་ཉིད་ཀྱིས་གཤམ་གྱི་སློབ་ཚན་འདི་ལྟས་ནས། རང་ཉིད་ཀྱིས་འཇོན་ཐུབ་པ་བསམ་ན་གུས་པར་ཐད་ཀར་འབྲེལ་བ་གནང་རོགས། གསལ་བཤད། ཤེས་བྱ་ཀུན་བཏུས་དྲ་ཚིགས་ནང་ཚིག་ཚན་གསར་བཟོ་བྱེད་སྐབས། ཚིག་ཚན་གང་རུང་ཞིག་ཡིན་ཀྱང་། མཐའ་མར་ཚེག་ཡིན་དགོས་པ་ལས། ཤད་རྩ་བ་ནས་བརྒྱབ་མི་ཆོག ༼ འདི་ནི་ཤེས་བྱ་ཀུན་བཏུས་དྲ་ཚིགས་ནང་ཚིག་ཚན་བཟོ་བའི་སྒྲིག་སྲོལ་གཙོ་ཆེ་ཤོས་རེད། ༽ དཔེར་ན།  བསམ་ཡས་དགོན་ ཡིན་དགོས་པ་ལས།  བསམ་ཡས་དགོན། རྩ་བ་ནས་འབྲི་མི་ཆོག གཤམ་གྱི་པར་རིས་ནང་བོད་རང་སྐྱོང་ལྗོངས་ཀྱི་ས་ཆ་ཁག་གི་མིང་རེད། ས་མིང་ཚང་པའི་རྗེས་སུ་ཚེག་རྒྱབ་ཡོད་པ་ལས།  ཤད་རྒྱབ་མེད། ༡ དྲ་ཚིགས།   http://www.tibetanwiki.com/ ༢ གཙོ་ངོས། ཐོ་འགོད་ཐུབ་པ་རྣམས་དྲ་ཚིགས་ཀྱི་གཡས་ངོས་ཀྱི་སྟེང་ནས་འཛུལ་དགོས།  ༣… མང་དུ་ཀློག >

གྲྭ་ལོག་གི་གསང་བ།

གྲྭ་ལོག་གི་གསང་བ། བསེར་བུ། དུས་རབས་ཉེར་གཅིག་གི་དུས་འགོར་སྔར་མྱང་རོ་ཤམ་པོར་གྲགས་པའི་མཁར་ཤུལ་དེ་དང་མི་རིང་བའི་གྲོང་ཚོ་ཆུང་ཆུང་ཞིག་གི་ནང་དུ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལ་དད་པ་རབ་ཏུ་ཆེན་པོ་ཡོད་ཁུལ་བགྱིས་པའི་ཁྱིམ་ཚང་ཞིག་ཡོད་ཅིང་།ཁྱིམ་དེར་བསྟན་འཛིན་ཆོས་དར་ཞེས་པའི་བུ་གཅིག་ཡོད་པ་དེ་སློབ་ཆུང་འགྲིམས་རིང་ཚན་ཁག་ཚང་མའི་སློབ་སྦྱོང་གི་གྲུབ་འབྲས་འཛིན་གྲྭ་ཁྱོན་ཡོངས་ཀྱི་གྲལ་མཐར་ལུས་པས་ནང་མི་རྒན་པ་ཚང་མ་གྲོས་བསྡུར་བྱས་པ་བརྒྱུད་སློབ་ཆུང་ཐོན་རྗེས་ཡུལ་དེའི་དགོན་པ་ཆེ་གྲས་ཤིག་ཏུ་གྲྭ་པར་འཇུག་རྒྱུར་ཐག་བཅད།ཕྱོགས་གང་ཅིའི་འབྲེལ་བ་བཙལ་རྗེས་གཟའ་ཚེས་ལེགས་པ་ཞིག་བདམས་ནས་ཁོའི་ཕས་གྲོ་དང་རྩམ་པ།ལུག་ཤ།སྣམ་བུ་སོགས་ཀྱི་འབུལ་ཚན་གྱ་ནོམ་པ་འཁྱེར་ནས་ཁོ་རང་དགོན་དེའི་ནང་སྐད་གྲགས་ཅུང་ཆེ་ཙམ་ཡོད་པའི་བླ་རྒན་ཞིག་གི་དྲུང་དུ་བསྐྱལ་བ་དང་།བླ་མ་རིན་པོ་ཆེས་བསྟན་འཛིན་ཆོས་དར་ཐུགས་རྗེས་རྗེས་སུ་བཟུང་གནང་རྒྱུའི་ཞུ་བ་ཡང་ཡང་འབུལ་བས་བླ་རྒན་དེས་ཀྱང་མགོ་བོ་ལྕོག་ལྕོག་ངང་ཁས་བླངས་ཤིང་།བསྟན་འཛིན་ཆོས་དར་ཁོའི་དགེ་ཕྲུག་ཏུ་ཉར་རོ། ལུག་རིན་པོ་ཆེ། ལུག་ཚང་དཔལ་ཡོན་གྱི་ཚོགས་གཙོ་ཡེ་ཤེས་བསྟན་འཛིན་ཡིན་ནམ་དྲ་ཐོག་ཏུ་ལུག་རིན་པོ་ཆེ་འབོད་པའི་མི་འདི་ཡིན།

༄༅། །དོན་དངོས་ཐོག་ཕྲུ་གུའི་དགའ་རོགས་ཁྱིམ་ཚང་ནང་འདུག

༄༅། །དོན་དངོས་ཐོག་ཕྲུ་གུའི་དགའ་རོགས་ཁྱིམ་ཚང་ནང་འདུག སྒྲོལ་མ། ཁྱིམ་ཚང་ནི་བྱིས་པ་འཚར་ལོངས་ཡོང་སའི་རྭ་བ་ལེགས་ཤོས་དེ་རེད་ལ་བྱིས་པའི་མི་གཤིས་གསོ་སྐྱོང་གི་ཁོར་ཡུག་བཟང་ཤོས་དེ་ཡང་ཡིན་པས།  ཕ་མ་ནི་བྱིས་པས་འབྲེལ་འདྲིས་བྱེད་པའི་སྤྱི་ཚོགས་ཀྱི་ཁོངས་མི་དང་པོ་དེ་ཡིན་ལ་ལམ་སྟོན་གྱི་དགེ་རྒན་ཐོག་མ་དེ་ཡང་ཡིན།  བྱིས་པའི་འཚར་ལོངས་ཀྱི་བརྒྱུད་རིམ་ཁྲོད་ཁྱིམ་ཚང་གི་ཁོར་ཡུག་དང་།  ལྷག་དོན་དུ་ཕ་མའི་ཤུགས་རྐྱེན་གྱིས་བྱིས་པར་ཁ་ཕྱོགས་རང་བཞིན་དང་ཐག་གཅོད་རང་བཞིན་གྱི་ནུས་པ་ཐོན་གྱི་ཡོད།  བྱས་ཙང་བྱིས་པའི་འཚར་ལོངས་ནང་བདེ་སྐྱིད་དང་སྤྲོ་སྣང་གིས་ཕྱུག་པའི་ཁྱིམ་ཚང་གི་ཁོར་ཡུག་ཅིག་དང་བྱམས་བརྩེས་ཕྱུག་ཅིང་ཐབས་དང་ཤེས་རབ་ལྡན་པའི་ཕ་མ་གཉིས་དགོས་རྒྱུ་ནི་གནད་ཀྱི་དམ་པར་མཐོང་། གནམ་འོག་ཕ་མ་ཚང་མ་བུ་ཕྲུག་ལ་བརྩེ་ཞིང་དུང་བ་འདྲ་འདྲ་ཡིན་རུང་།  བུ་སྐྱོང་ཐབས་ལམ་མི་གཅིག་པའི་རྐྱེན་གྱིས་གསོ་སྐྱོང་བྱས་པའི་བྱིས་པའི་མི་གཤིས་དང་འཇོན་ནུས་ལ་གནམ་སའི་ཁྱད་པར་ཐོན་གྱི་ཡོད།  ལྷག་པར་དུ་ནོར་འཁྲུལ་ཅན་གྱི་ཕ་མའི་མི་ཚེའི་ལྟ་བ་དང་རིན་ཐང་ལྟ་བས་བྱིས་པའི་རྒྱུད་ལ་ཚད་གཞི་མི་འདྲ་བའི་ཤུགས་རྐྱེན་ཐེབས་དང་ཐེབས་མུས་སུ་མཆིས་ལ་ཁྱིམ་ཚང་སློབ་གསོའི་འཐུས་ཤོར་ཡང་ཐབས་ཤེས་མ་ཤེས་པའི་མཚམས་ནས་འབྱུང་གིན་ཡོད།  གལ་སྲིད་ཁྱིམ་ཚང་སློབ་གསོའི་རྨང་གཞི་ཡག་པོ་མེད་ཚེ་བྱིས་པར་སློབ་གྲྭ་ལེགས་པོ་གང་འདྲ་ཞིག་གདམ་ག་བྱས་ཀྱང་ཕུལ་བྱུང་གི་མི་སྣ་ཞིག་ཏུ་གསོ་སྐྱོང་ཐུབ་རྒྱུ་དཀའ་ཙམ་གདའ། དཔལ་འབྱོར་འཕེལ་རྒྱས་བྱ་འཕུར་བ་ལྟར་འགྲོ་མགྱོགས་པའི་དེང་གི་དུས་སུ་ཁྱིམ་ཚང་ཁྲི་སྟོང་མང་པོའི་དངོས་པོའི་དཔལ་ཡོན་ཀྱང་དབྱར་གྱི་ཆུ་མཚོ་རྒྱས་པ་བཞིན་གོང་འཕེལ་འགྲོ་མུས་ཡིན་པས།  ཕ་མ་མང་པོ་ཞིག་གིས་དཔལ་འབྱོར་གྱིས་བྱིས་པའི་ཡོད་ཚད་ལ་ཁ་ཕྱོགས་རང་བཞིན་གྱི་ནུས་པ་ཐོན་པར་དགོངས་ཏེ།  དཔལ་འབྱོར་མང་པོ་བཀོལ་སྤྱོད་ལ་བརྟེན་ནས་བྱིས་པར་ཟས་མི་ཚར་བའི་འཚོ་བཅུད་ཁ་སྣོན་གནང་བ་དང་།  དཔལ་འབྱོར་མང་པོ་བཀོལ་སྤྱོད་ལ་བརྟེན་ནས་བྱིས་པར་ཆེད་དུ་ཞབས་ཕྱི་བསྒྲུབ་མཁན་གྱི་བུ་རྫི་མངགས་པ།  དཔལ་འབྱོར་མང་པོ་བཀོལ་སྤྱོད་ལ་བརྟེན་ནས་བྱིས་པའི་ཕྱི་ལུས་གྲགས་ཅན་ཚོང་རྟགས་ཀྱི་གྱོན་པས་བཏུམས་པ།   དཔལ་འབྱོར་མང་པོ་བཀོལ་སྤྱོད་ལ་བརྟེན་ནས་བྱིས་པ་སྔོན་ཐོན་གྱི་སློབ་གྲྭར་བཀོད་སྒྲིག་བྱེད་པ།  དཔལ་འབྱོར་མང་པོ་བཀོལ་སྤྱོད་ལ་བརྟེན་ནས་བྱིས་པར་ཁ་གསབ་སློབ་གསོ་མྱོང་དུ་འཇུག་པ།  དཔལ་འབྱོར་མང་པོ་བཀོལ་སྤྱོད་ལ་བརྟེན་ནས་བྱིས་པ་……མ་གཞི་དཔལ་འབྱོར་ནི་འཚོ་བའི་རྨང་གཞི་དང་རྒྱབ་རྟེན་དུ་འདོད་ཀྱང་བྱིས་པའི་ལུས་སེམས་བདེ་ཐང་ངང་འཚར་ལོངས་ཡོང་ཐབས་དང་བྱིས་པར་མི་གཤིས་བཟང་པོ་གསོ་སྐྱོང་བྱ་ཐབས་ཐད་ཆེས་གལ་ཆེན་དང་ཆེས་ནུས་ལྡན་དུ་བསྒྲུབ་པ་ནི་ཕ་མའི་ཡང་དག་གི་སྣེ་སྟོན་དང་།  ལུགས་མཐུན་གྱི་སློབ་གསོ།  ཚད་ལྡན་གྱི་མིག་དཔེ། ལྷག་བསམ་དག་པའི་རོགས་ཟླ་སོགས་སོ།  གང་ལགས་ཤེ་ན།  ཁྱིམ་ཚང་སློབ་གསོ་ནི་སློབ་གསོ་ཀུན་གྱི་མ་མ་དང་སློབ་གསོ་ཀུན་གྱི་གཞི་རྩ་ཡིན།  དེས་ན། སློབ་གསོའི་འགོ་འཛུགས་ས་མི་ནོར་མི་འཁྲུལ་བ་ཞིག་དགོས་རྒྱུ་གལ་ཆེན་པོ་རེད།  འོན་ཏེ་དོན་དངོས་འཚོ་བའི་ཁྲོད་རབ་ཏུ་འཁྲུལ་ཞིང་ཤིན་ཏུ་ནོར་བའི་སློབ་གསོའི་ཐབས་ལམ་ཁག་ཅིག་གིས་བུ་ཕྲུག་ཤེས་སྤྱོད་གཉིས་ལྡན་ཞིག་ཏུ་གསོ་སྐྱོང་བྱ་རྒྱུར་གེགས་བྱས་དང་བྱེད་མུས་སུ་ཡོད་པས།  གེགས་བར་དེ་ལས་ཟློག་ཕྱིར་རང་བློས་གང་དཔོག་གིས་བྱིས་པ་སྐྱོང་སྟངས་སྐོར་ལ་སྐད་ཆ་ཞིག་བཤད་འདོད་སོང་། གཅིག … མང་དུ་ཀློག >

༄༅། །དོན་དངོས་ཐོག་ཕྲུ་གུའི་དགའ་རོགས་ཁྱིམ་ཚང་ནང་འདུག

༄༅། །དོན་དངོས་ཐོག་ཕྲུ་གུའི་དགའ་རོགས་ཁྱིམ་ཚང་ནང་འདུག སྒྲོལ་མ། ཁྱིམ་ཚང་ནི་བྱིས་པ་འཚར་ལོངས་ཡོང་སའི་རྭ་བ་ལེགས་ཤོས་དེ་རེད་ལ་བྱིས་པའི་མི་གཤིས་གསོ་སྐྱོང་གི་ཁོར་ཡུག་བཟང་ཤོས་དེ་ཡང་ཡིན་པས།  ཕ་མ་ནི་བྱིས་པས་འབྲེལ་འདྲིས་བྱེད་པའི་སྤྱི་ཚོགས་ཀྱི་ཁོངས་མི་དང་པོ་དེ་ཡིན་ལ་ལམ་སྟོན་གྱི་དགེ་རྒན་ཐོག་མ་དེ་ཡང་ཡིན།  བྱིས་པའི་འཚར་ལོངས་ཀྱི་བརྒྱུད་རིམ་ཁྲོད་ཁྱིམ་ཚང་གི་ཁོར་ཡུག་དང་།  ལྷག་དོན་དུ་ཕ་མའི་ཤུགས་རྐྱེན་གྱིས་བྱིས་པར་ཁ་ཕྱོགས་རང་བཞིན་དང་ཐག་གཅོད་རང་བཞིན་གྱི་ནུས་པ་ཐོན་གྱི་ཡོད།  བྱས་ཙང་བྱིས་པའི་འཚར་ལོངས་ནང་བདེ་སྐྱིད་དང་སྤྲོ་སྣང་གིས་ཕྱུག་པའི་ཁྱིམ་ཚང་གི་ཁོར་ཡུག་ཅིག་དང་བྱམས་བརྩེས་ཕྱུག་ཅིང་ཐབས་དང་ཤེས་རབ་ལྡན་པའི་ཕ་མ་གཉིས་དགོས་རྒྱུ་ནི་གནད་ཀྱི་དམ་པར་མཐོང་། གནམ་འོག་ཕ་མ་ཚང་མ་བུ་ཕྲུག་ལ་བརྩེ་ཞིང་དུང་བ་འདྲ་འདྲ་ཡིན་རུང་།  བུ་སྐྱོང་ཐབས་ལམ་མི་གཅིག་པའི་རྐྱེན་གྱིས་གསོ་སྐྱོང་བྱས་པའི་བྱིས་པའི་མི་གཤིས་དང་འཇོན་ནུས་ལ་གནམ་སའི་ཁྱད་པར་ཐོན་གྱི་ཡོད།  ལྷག་པར་དུ་ནོར་འཁྲུལ་ཅན་གྱི་ཕ་མའི་མི་ཚེའི་ལྟ་བ་དང་རིན་ཐང་ལྟ་བས་བྱིས་པའི་རྒྱུད་ལ་ཚད་གཞི་མི་འདྲ་བའི་ཤུགས་རྐྱེན་ཐེབས་དང་ཐེབས་མུས་སུ་མཆིས་ལ་ཁྱིམ་ཚང་སློབ་གསོའི་འཐུས་ཤོར་ཡང་ཐབས་ཤེས་མ་ཤེས་པའི་མཚམས་ནས་འབྱུང་གིན་ཡོད།  གལ་སྲིད་ཁྱིམ་ཚང་སློབ་གསོའི་རྨང་གཞི་ཡག་པོ་མེད་ཚེ་བྱིས་པར་སློབ་གྲྭ་ལེགས་པོ་གང་འདྲ་ཞིག་གདམ་ག་བྱས་ཀྱང་ཕུལ་བྱུང་གི་མི་སྣ་ཞིག་ཏུ་གསོ་སྐྱོང་ཐུབ་རྒྱུ་དཀའ་ཙམ་གདའ། དཔལ་འབྱོར་འཕེལ་རྒྱས་བྱ་འཕུར་བ་ལྟར་འགྲོ་མགྱོགས་པའི་དེང་གི་དུས་སུ་ཁྱིམ་ཚང་ཁྲི་སྟོང་མང་པོའི་དངོས་པོའི་དཔལ་ཡོན་ཀྱང་དབྱར་གྱི་ཆུ་མཚོ་རྒྱས་པ་བཞིན་གོང་འཕེལ་འགྲོ་མུས་ཡིན་པས།  ཕ་མ་མང་པོ་ཞིག་གིས་དཔལ་འབྱོར་གྱིས་བྱིས་པའི་ཡོད་ཚད་ལ་ཁ་ཕྱོགས་རང་བཞིན་གྱི་ནུས་པ་ཐོན་པར་དགོངས་ཏེ།  དཔལ་འབྱོར་མང་པོ་བཀོལ་སྤྱོད་ལ་བརྟེན་ནས་བྱིས་པར་ཟས་མི་ཚར་བའི་འཚོ་བཅུད་ཁ་སྣོན་གནང་བ་དང་།  དཔལ་འབྱོར་མང་པོ་བཀོལ་སྤྱོད་ལ་བརྟེན་ནས་བྱིས་པར་ཆེད་དུ་ཞབས་ཕྱི་བསྒྲུབ་མཁན་གྱི་བུ་རྫི་མངགས་པ།  དཔལ་འབྱོར་མང་པོ་བཀོལ་སྤྱོད་ལ་བརྟེན་ནས་བྱིས་པའི་ཕྱི་ལུས་གྲགས་ཅན་ཚོང་རྟགས་ཀྱི་གྱོན་པས་བཏུམས་པ།   དཔལ་འབྱོར་མང་པོ་བཀོལ་སྤྱོད་ལ་བརྟེན་ནས་བྱིས་པ་སྔོན་ཐོན་གྱི་སློབ་གྲྭར་བཀོད་སྒྲིག་བྱེད་པ།  དཔལ་འབྱོར་མང་པོ་བཀོལ་སྤྱོད་ལ་བརྟེན་ནས་བྱིས་པར་ཁ་གསབ་སློབ་གསོ་མྱོང་དུ་འཇུག་པ།  དཔལ་འབྱོར་མང་པོ་བཀོལ་སྤྱོད་ལ་བརྟེན་ནས་བྱིས་པ་……མ་གཞི་དཔལ་འབྱོར་ནི་འཚོ་བའི་རྨང་གཞི་དང་རྒྱབ་རྟེན་དུ་འདོད་ཀྱང་བྱིས་པའི་ལུས་སེམས་བདེ་ཐང་ངང་འཚར་ལོངས་ཡོང་ཐབས་དང་བྱིས་པར་མི་གཤིས་བཟང་པོ་གསོ་སྐྱོང་བྱ་ཐབས་ཐད་ཆེས་གལ་ཆེན་དང་ཆེས་ནུས་ལྡན་དུ་བསྒྲུབ་པ་ནི་ཕ་མའི་ཡང་དག་གི་སྣེ་སྟོན་དང་།  ལུགས་མཐུན་གྱི་སློབ་གསོ།  ཚད་ལྡན་གྱི་མིག་དཔེ། ལྷག་བསམ་དག་པའི་རོགས་ཟླ་སོགས་སོ།  གང་ལགས་ཤེ་ན།  ཁྱིམ་ཚང་སློབ་གསོ་ནི་སློབ་གསོ་ཀུན་གྱི་མ་མ་དང་སློབ་གསོ་ཀུན་གྱི་གཞི་རྩ་ཡིན།  དེས་ན། སློབ་གསོའི་འགོ་འཛུགས་ས་མི་ནོར་མི་འཁྲུལ་བ་ཞིག་དགོས་རྒྱུ་གལ་ཆེན་པོ་རེད།  འོན་ཏེ་དོན་དངོས་འཚོ་བའི་ཁྲོད་རབ་ཏུ་འཁྲུལ་ཞིང་ཤིན་ཏུ་ནོར་བའི་སློབ་གསོའི་ཐབས་ལམ་ཁག་ཅིག་གིས་བུ་ཕྲུག་ཤེས་སྤྱོད་གཉིས་ལྡན་ཞིག་ཏུ་གསོ་སྐྱོང་བྱ་རྒྱུར་གེགས་བྱས་དང་བྱེད་མུས་སུ་ཡོད་པས།  གེགས་བར་དེ་ལས་ཟློག་ཕྱིར་རང་བློས་གང་དཔོག་གིས་བྱིས་པ་སྐྱོང་སྟངས་སྐོར་ལ་སྐད་ཆ་ཞིག་བཤད་འདོད་སོང་། གཅིག … མང་དུ་ཀློག >

རྟ་སྒོ་རྟགས་ཅན་གྱི་བོད་སྨན།འོས་སྦྱོར།

ཉི་མ་རྫོང་བོད་ལུགས་སྨན་ཁང་ནི་སྤྱི་ལོ་1993ལོར་གསར་འཛུགས་བྱས་ཏེ་ད་བར་དུ་ཕལ་ཆེར་བགྲང་བྱ་ཉེར་གསུམ་ཙམ་གྱི་ལོ་རྒྱུས་ལྡན་ཡོད།ཡིན་ནའང་རང་བྱུང་གི་ས་བབས་མཐོ་བ་དང་འགྲིམ་འགྲུལ་སྟབས་མི་བདེ་བ།མི་སྣ་འཇོན་པོ་མེད་པ་ལ་སོགས་ཀྱི་དབང་གིས་བོད་སྨན་གྱི་འཕེལ་རྒྱས་འགྲོ་བར་དཀའ་ཁག་རབ་རིམ་པ་འཕྲད་ཡོད།ཉེ་བའི་ལོ་གཅིག་གི་ཡར་སྔོན་ནས་བཟུང་སྨན་ཁང་གི་སྨན་པ་བསྟན་འཛིན་བསམ་འགྲུབ་མཆོག་གིས་གཙོ་ཁྲིད་ཀྱི་མཛུབ་སྟོན་འོག་རྒྱུན་སྤྱོད་ཀྱི་སྨན་སྣ་བཅོ་ལྷག་ཙམ་གསར་བཟོ་གནང་ནས་བོད་སྨན་བཟོ་མི་ཐུབ་པའི་གནས་ཚུལ་མཇུག་རྫོགས་པ་དང་ཆབས་ཅིག་ས་དེའི་མི་དམངས་མང་ཚོགས་ཀྱིས་ཀྱང་བསྟོད་བསྔགས་དང་དགའ་བསུ་ཐོབ།ཁོང་གིས་རྒན་བསོད་ནམས་འཆི་མེད་དང་བསོད་ནམས་དངོས་གྲུབ།བཀྲ་རྒྱན་ལ་སོགས་པའི་མཁས་དབང་དུ་མའི་ཞབས་ལ་གཏུགས་ནས་བོད་ལུགས་གསོ་རིག་ལ་སྦྱང་བ་མཐར་ཕྱིན་པ་བྱས་པ་དང་ལྷག་པར་དུ་རྒན་ཁྱུང་རྒྱལ་མཆོག་གི་སྐུ་འདུན་ནས་རིན་ཆེན་དབང་གསལ་ལ་སོགས་པའི་བོད་སྨན་རིན་ཆེན་གྱི་སྦྱོར་བ་་གདམས་པ་ཆ་ཚང་བར་བླངས་ནས་སྐུ་ཉིད་ཀྱིས་དངོས་སུ་རིན་ཆེན་དབང་གསལ་དང་།ཆང་ནད་ཀུན་སྲུང་།དཔའ་བསམ་ཁ་ཚར།གཡུ་རྙིང་ཉེར་ལ་སོགས་པའི་རྩ་ཆེའི་སྨན་སྦྱོར་ཁ་ཅིག་གསར་བཟོ་གནང་ཡོད་ལ་ཕན་ནུས་ཀྱང་ཆེན་པོ་ལྡན་ནོ།། ཞིབ་ཕྲ་ཉི་མ་རྫོང་བོད་སྨན་སྦྱོར་ལྟེ་གནས་ལ་འབྲེལ་གནང་རོགས། འབྲེལ་གཏུགས་ཁ་པར་ཨང་གྲངས།15628502777 གཡུང་དྲུང་ཚེ་རིང་། ཞོར་གཙང་། ངས་རང་ཉིད་ཀྱི་ལྟ་བ་བརྗོད་ཀྱི་ཡོད།

ཆང་ནད་ཀུན་སྲུང་།འོས་སྦྱོར།

ཆང་ནད་ཀུན་སྲུང། སྦྱོར་བ།   ཁ་ཆེ་ཤ་སྐམ་དང་ལུག་རུ་ཁཎྜ།གླང་སྣ།སོག་ཚིགས་སོགས་སྨན་སྣ་བཅུ་ལྷག་གིས་གྲུབ། བསྟེན་ཚུལ།   ཆང་དང་ཆུ་ཁོལ་གྱིས་ཕུལ་ལ་བཏང་། དཔེ་ཚད།  ཕྱེ་མ་ཐུམ་རེའི་ཐུན་ཚད་ཁེ་༡་ཡིན། ཕན་ནུས།     མྱོས་ཁུ་ཆང་གི་གཉེན་པོ་འདིས།། མགོ་ན་ཤེས་བྱིང་སྟོད་གཟེར་དང་།། མིག་དམར་འགྲིབ་སོགས་ཆང་ནད་ཀུན།། མ་ལུས་འཇོམས་ཤིང་མཆིན་ཁམས་སྲུང་།། ཕོ་མཆིན་ནད་ཞི་མདངས་སྟོབས་རྒྱས།། རིང་འཚོ་ཚེ་ཡི་བཅུད་ལེན་འགྱུར།། ས་གནས།     ཉི་མ་རྫོང་བོད་སྨན་སྦྱོར་ལྟེ་གནས། འབྲེལ་གཏུགས་བྱེད་ཡུལ།   ཡོན་གྲང་་བསྟན་འཛིན། ཁ་པར་ཨང་གྲངས།    15628502777   གཡུང་དྲུང་ཚེ་རིང་། ཞོར་གཙང་། ངས་རང་ཉིད་ཀྱི་ལྟ་བ་བརྗོད་ཀྱི་ཡོད།

གུ་རུ་མཚན་བརྒྱད་སོགས་ཀྱི་བཀྲ་ཤིས་འཇམ་མགོན་གསུང་ལས་འཁོལ་བཏོན་བཞུགས།

གུ་རུ་མཚན་བརྒྱད་སོགས་ཀྱི་བཀྲ་ཤིས་འཇམ་མགོན་གསུང་ལས་འཁོལ་བཏོན་བཞུགས། རྒྱ་གར་ཡུལ་བྱོན་རྡོ་རྗེ་གདན་དུ་བཞུགས། །བདུད་བཞི་བཅོམ་པས་སངས་རྒྱས་ཀུན་དང་མཉམ། །འདུལ་ཁྲིམས་ལྡན་པས་དགེ་སློང་ཆ་ལུགས་འཛིན། །གུ་རུ་ཤཱཀྱ་སེང་གེའི་བཀྲ་ཤིས་ཤོག །ཁ་ཆེའི་ཡུལ་བྱོན་སིངྒ་ལ་རུ་བཞུགས། ། ལུག་རིན་པོ་ཆེ། ལུག་ཚང་དཔལ་ཡོན་གྱི་ཚོགས་གཙོ་ཡེ་ཤེས་བསྟན་འཛིན་ཡིན་ནམ་དྲ་ཐོག་ཏུ་ལུག་རིན་པོ་ཆེ་འབོད་པའི་མི་འདི་ཡིན།

གུ་རུ་པདྨ་འབྱུང་གནས་ཀྱི་མཚན་བརྒྱ་རྩ་བརྒྱད་ཀྱི་བསྟོད་པ་བཞུགས་སོ།

གུ་རུ་པདྨ་འབྱུང་གནས་ཀྱི་མཚན་བརྒྱ་རྩ་བརྒྱད་ཀྱི་བསྟོད་པ། གུ་རུ་པདྨ་འབྱུང་གནས་ཀྱི་མཚན་བརྒྱ་རྩ་བརྒྱད་ཀྱི་བསྟོད་པ་བཞུགས་སོ༔ ཧྲཱི༔ རྒྱ་མཚོར་སྐུ་འཁྲུངས་མཚོ་སྐྱེས་རྡོ་རྗེ་ཞེས༔ པདྨ་སྣ་ཚོགས་ལས་བྱུང་པདྨ་འབྱུང༔ རྒྱལ་པོའི་སྲས་མཛད་པདྨ་རྒྱལ་པོ་དང༔ སྒྱུ་རྩལ་རྒྱལ་བུ་གྱད་མཆོག་ལ་ཕྱག་འཚལ༔ རྩལ་ཆེན་རྒྱལ་བུ་མི་ཐུབ་སེངྒེ་དང༔ རྒྱལ་སྲིད་སྤངས་མཛད་མི་བསྐྱོད་རྡོ་རྗེ་དང༔ དགེ་བར་གཞོལ་མཛད་རྒྱལ་བུ་ཡིད་གཅག་དང༔ བསིལ་ཚལ་གུ་རུ་པད་འབྱུང་ལ་ཕྱག་འཚལ༔ ལུག་རིན་པོ་ཆེ། ལུག་ཚང་དཔལ་ཡོན་གྱི་ཚོགས་གཙོ་ཡེ་ཤེས་བསྟན་འཛིན་ཡིན་ནམ་དྲ་ཐོག་ཏུ་ལུག་རིན་པོ་ཆེ་འབོད་པའི་མི་འདི་ཡིན།

དེང་དུས་གཞོན་སྐྱེས་རྒྱ་བོད་ལོ་ཙྰ་བའི་ཡིག་སྒྱུར་གྱི་སྐྱོན་འགའ་གླེང་བ།

དེང་དུས་གཞོན་སྐྱེས་རྒྱ་བོད་ལོ་ཙྰ་བའི་ཡིག་སྒྱུར་གྱི་སྐྱོན་འགའ་གླེང་བ། རིན་སྤུངས་ཉི་མ་དོན་གྲུབ། [ནང་་དོན་གནད་བསྡུས། ] རྩོམ་འདིའི་ནང་གཙོ་བོའི་དེང་དུས་གཞོན་སྐྱེས་རྒྱ་བོད་ལོ་ཙྰ་བར་ཡིག་སྒྱུར་སྐབས་ལྷག་བསྡད་པའི་སྐྱོན་འགའ་བརྗོད་ནས་དེ་ཇི་ལྟར་བྱས་ནས་བཅོས་དགོས་མིན་གྱི་སྐོར་རགས་ཙམ་གླེང་ཡོད། [བརྡ་ཆད་གཙོ་བོ།] གཞོན་སྐྱེས། རྒྱ་བོད་ལོ་ཙྰ། མ་ཡིག བུ་ཡིག གླེང་གཞི། ལུག་རིན་པོ་ཆེ། ལུག་ཚང་དཔལ་ཡོན་གྱི་ཚོགས་གཙོ་ཡེ་ཤེས་བསྟན་འཛིན་ཡིན་ནམ་དྲ་ཐོག་ཏུ་ལུག་རིན་པོ་ཆེ་འབོད་པའི་མི་འདི་ཡིན།

ཕོ་བྲང་པོ་ཏ་ལ།

ཕོ་བྲང་པོ་ཏ་ལ།      ཕོ་བྲང་པོ་ཏ་ལ་ནི་བོད་ཀྱི་བཙན་པོ་སྲོང་བཙན་སྒམ་པོའི་སྐུ་རིང་ལ་ཡབ་གནམ་རི་སྲོང་བཙན་གྱི་རྒྱལ་ས་ཕོ་བྲང་བྱམས་པ་མི་འགྱུར་གླིང༼དེང་དུས་ཀྱི་མལ་གྲོ་གུང་དཀར་གྱི་རྒྱ་མའི་ཁ་སྒང་སྡེ་བ།༽ནས་གནས་སྤོས་ཏེ། ས་ཁོད་སྙོམས་ཤིང་མཐའ་རྒྱ་ཡངས་པ་སོགས་ཀྱིས་གྲོང་སྡེ་ཆགས་པར་སྟབས་བདེ་ཞིང་། ལུག་རིན་པོ་ཆེ། ལུག་ཚང་དཔལ་ཡོན་གྱི་ཚོགས་གཙོ་ཡེ་ཤེས་བསྟན་འཛིན་ཡིན་ནམ་དྲ་ཐོག་ཏུ་ལུག་རིན་པོ་ཆེ་འབོད་པའི་མི་འདི་ཡིན།

འཛམ་གླིང་སྤྱི་བསང་།

མཆོད་པ་ཆེན་པོ་བཞིའི་ཡ་གྱལ་དུ་གྱུར་པའི་མཛད་སྒོ་དེ་ནི་མི་ལོ་སྟོང་གི་གོང་སྟེ། མཁན་སློབ་ཆོས་གསུམ་གྱི་སྐུ་དུས་སུ། དཔལ་བསམ་ཡས་ལུགས་གསུམ་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ཁང་ལག་ཁང་གསར་བཞེངས་ལེགས་གྲུབ་བྱུང་ནས། སྐྱེ་བོ་མཆོག་དམན་ཡོངས་ཀྱིས་དེ་ཕྱིར་དགའ་སྟོན་རྒྱ་ཆེ་གཟབ་རྒྱས་གནང་བ་དང་འབྲེལ། གུ་རུ་པད་མ་འབྱུང་གནས་ཀྱིས་ལྷ་སྲིན་གདུག་པ་ཅན་དམ་ལ་བཏགས་པའི་དུས་དང་བསྟུན་ནས། འཛམ་བུ་གླིང་གི་དཀར་ཕྱོགས་སྐྱོང་བའི་ལྷ་ཀླུ་ཡུལ་ལྷ་གཞི་བདག་ཀུན་ལ་བསང་གི་བརྔན་པའི་དུས་བཟང་དེར། འཛམ་གླིང་སྤྱི་བསང་ཞེས་སུ་གྲགས། ལུག་རིན་པོ་ཆེ། ལུག་ཚང་དཔལ་ཡོན་གྱི་ཚོགས་གཙོ་ཡེ་ཤེས་བསྟན་འཛིན་ཡིན་ནམ་དྲ་ཐོག་ཏུ་ལུག་རིན་པོ་ཆེ་འབོད་པའི་མི་འདི་ཡིན།

བོད་ལྗོངས་སྤྱིའི་ལྷ་སྐུ་དང་གཟུགས་རིའི་བྲིས་འབུར་སོགས་ཀྱི་བྱུང་བ་དང་འཕེལ་རྒྱས་སྐོར་བཤད་པ།

བོད་ལྗོངས་སྤྱིའི་ལྷ་སྐུ་དང་གཟུགས་རིའི་བྲིས་འབུར་སོགས་ཀྱི་བྱུང་བ་དང་འཕེལ་རྒྱས་སྐོར་བཤད་པ། རྩོམ་པ་པོ།   རེབ་གོང་པ་འཇིགས་མེད་བསམ་འགྲུབ། གཅིག བོད་ཀྱི་མཛེས་རྩལ་རི་མོ་དེ་གནའ་བོའི་ཡ་ཐོག་སྤྱི་ཚོགས་ཀྱི་སྐབས་ནས་བཟུང་དར་བ། དེ་ཡང་བོད་ཀྱི་རི་མོའི་མཛེས་རྩལ་གྱི་ཐོག་མའི་བྱུང་ཁུངས་ནི། གནའ་བོའི་རྡོ་ཆས་གསར་པའི་དུས་སྐབས་ནས་བཟུང་དར་བར་བཤད་ཆོག་པ་སྟེ། དེ་ཡང་མིའི་རིགས་ཀྱི་ཡི་གེ་མ་དར་གོང་དུ། སྐབས་དེར་མི་བརྗེད་པའི་ཐབས་སུ་རྡོ་དང་ཤིང་གི་སྟེང་དུ་རི་མོའི་རྟགས་འབྲི་བའམ་བརྐོས་པ་སོགས་བྱས་པ་དང་། ཆབ་མདོ་མཁར་རོ་ནས་ཐོན་པའི་རྡོ་ཆས་གསར་བའི་དུས་རབས་ཀྱི་རིག་གནས་ཁོངས་གཏོགས་རྫ་ཆས་སྤྱོད་དངོས་ཁོག་མ་དང་། ལུག་རིན་པོ་ཆེ། ལུག་ཚང་དཔལ་ཡོན་གྱི་ཚོགས་གཙོ་ཡེ་ཤེས་བསྟན་འཛིན་ཡིན་ནམ་དྲ་ཐོག་ཏུ་ལུག་རིན་པོ་ཆེ་འབོད་པའི་མི་འདི་ཡིན།

࿐བདག་ཚོ་གཙང་ལ་་་་་་་

གཙང་དེ་སྦི་རག་རྒྱ་མཚོ།། གཙང་པ་སྐྱུར་རྒྱལ་ཉ་ཆུང་།། ར་རོའི་རྐྱལ་རྩལ་ངོམ་ས།། སྟ་རེ་འོག་གི་མཚོ་མོ།། གདོང་པ་ཧ་ཡང་མཐིལ་འདྲ།། གྲོད་པ་ཡི་དྭགས་དབྱིབས་གཟུགས།། མིག་རྩ་དམར་པོའི་མདའ་མོ།། ནུ་རྒྱས་བྲང་ཁར་ཕོག་སོང་།། གུར་དཀར་ཕོ་བྲང་ནང་ན།། གཙང་པ་དབྱིང་ཧྲན་ས་སྐྱོང་།། ཆང་དང་མཛེས་མར་གཡེངས་ནས།། མི་ཚེའི་སྲིད་སྐྱོང་བརླགས་སོང་།། ཁྲུང་ཞུ་མཛེས་མའི་བློ་ཁ།། དངུལ་ལ་ཞེན་ནས་ཆང་བཞུས།། ར་རོས་མྱོས་པའི་རྟིང་མ།། གཡབ་ཁའི་རང་དབང་ཤོར་སོང་།། ཨ་ཕ་ཆང་རོགས་མཉམ་དུ།། ཨ་མ་སྦག་རོགས་མཉམ་དུ།། ཕྲུ་གུ་སློབ་གྲོགས་མཉམ་དུ།། འཛོམས་ས་སྟ་རེ་འོག་ཏུ།། དཔེ་ཆར་མིག་ལོག་ལྡིར་ལྡིར།། ཆང་ལ་མིག་ཟེར་ལྡིར་ལྡིར།། ལྡིར་ཚུལ་འདྲ་ཡང་མཁས་པས།། བལྟས་ན་ལྡིར་ཚུལ་མི་འདྲ།། ཡར་ཀླུང་གཙང་པོའི་ཆུ་དེ།། སྦི་རག་ཡིན་ན་བསམ་བྱུང་།། གཙང་པའི་ཨོ་ལོ་བདག་རང་།། ཉ་ཆུང་ཡིན་ན་བསམ་བྱུང་།། མི་རིགས་ལས་དབང་ཟེར་བ།། བློ་ལ་རྒྱུས་མངའ་མེད་ཀྱང་།།… མང་དུ་ཀློག >

༄༅།།བོད་ཀྱི་གསོ་བ་རིག་པའི་མ་འོངས་པ་གང་དུ་ཡོད།

༄༅།།བོད་ཀྱི་གསོ་བ་རིག་པའི་མ་འོངས་པ་གང་དུ་ཡོད། གངས་མ་ཆར། ལྷ་ས། བོད་ཀྱི་གསོ་བ་རིག་པའི་མ་འོངས་པའི་མདུན་ལམ་གང་དུ་ཡོད།  ཡང་ན་དུས་རབས་འདིར་བོད་ཀྱི་གསོ་བ་རིག་པ་ཇི་ལྟར་བྱས་ཏེ་འཕེལ་རྒྱས་གཏོང་དགོས་སམ།  གནད་དོན་འདི་ནི་ཤིན་ཏུ་གལ་ཆེ་བ་ཞིག་རེད་ལ་གཡོལ་ཐབས་མེད་པ་ཞིག་ཀྱང་རེད།  རྒྱུ་མཚན་ནི་གནད་དོན་འདི་ལ་བརྟེན་ནས་ད་ལྟར་ང་ཚོས་བོད་ཀྱི་གསོ་རིག་ཐད་འཛིན་པའི་རྣམ་འགྱུར་དང་།  བོད་ཀྱི་གསོ་རིག་ལས་ཀའི་གཙོ་གནད་ཁ་ཕྱོགས་འཚོལ་ཐུབ་པ་དགོས་ལ།  དེ་ལ་དཔག་པའི་འཕེལ་རྒྱས་ཀྱི་རྣམ་པའམ་ཐབས་ལམ་ཞིག་རྙེད་ཐུབ་པ་དགོས་པས་ཡིན། ལུག་རིན་པོ་ཆེ། ལུག་ཚང་དཔལ་ཡོན་གྱི་ཚོགས་གཙོ་ཡེ་ཤེས་བསྟན་འཛིན་ཡིན་ནམ་དྲ་ཐོག་ཏུ་ལུག་རིན་པོ་ཆེ་འབོད་པའི་མི་འདི་ཡིན།

སྤེན་སྐྱིད་ཉིན་མོ་དང་བྱིས་དུས་ཀྱི་དྲན་འཆར།

སྤེན་སྐྱིད་ཉིན་མོ་དང་བྱིས་དུས་ཀྱི་དྲན་འཆར། སྒྲོལ་མ། དེ་རིང་སྤེན་སྐྱིད་ཀྱི་ཉིན་མོ་ཡིན་པས་ངས་ཡབ་ཡུམ་རྣམ་གཉིས་ལ་མཁོ་བའི་ཅ་དངོས་ཙག་ཙིག་འགའ་ཉོས་རྗེས་བཟའ་ཟླ་དང་ལྷན་དུ་ཕ་ཡུལ་ཕྱོགས་སུ་བསྐྱོད་པ་ཡིན།  རླངས་འཁོར་གྱི་ཁ་ལོ་ཕ་ཡུལ་ཕྱོགས་སུ་བསྒྱུར་མ་ཐག་ངས་རང་ཉིད་ནི་འཇིག་རྟེན་འདིའི་སྟེང་ཆེས་བདེ་སྐྱིད་ཆེ་ཤོས་ཀྱི་མི་དེ་རེད་སྙམ་བྱུང་།   གང་ཡིན་ཟེར་ན།   ཕ་ཡུལ་དུ་ངའི་ཡབ་ཡུམ་རྣམ་གཉིས་དང་ཡུལ་མི་སྤུན་མཆེད་ཚོས་ང་རང་སྒུག་ནས་ཡོད་ལ།   ཕ་ཡུལ་དུ་ངའི་བྱིས་དུས་ཀྱི་མངར་སྐྱུར་འདྲེས་མའི་དྲན་འཆར་མང་པོ་ཡོད།  ཕ་ཡུལ་གྱི་རྩྭ་ཉག་མ་གཅིག་དང་ཤིང་རྐང་གཅིག་ཡིན་ཡང་ངའི་རྣམ་ཤེས་དང་དམ་དུ་སྦྲེལ་ཡོད། ཞོགས་པའི་བསིལ་རླུང་གི་རྒྱུགས་ཕྱོགས་དང་བསྟུན་ཏེ་ཕ་ཡུལ་གྱི་སྤྲིན་དཀར་རང་ཉིད་ཀྱི་ཕྱོགས་སུ་ཡོང་བའི་རྣམ་པ་ནི་ཇི་འདྲའི་ཉམས་དགའ་བ་ཞིག་དང་།   ཇི་འདྲའི་སྙིང་ཉེ་བ་ཞིག་རེད་ཨང་།   གློ་བུར་དུ་ཕ་ཡུལ་གྱི་ཡོད་ཚད་དེ་འདྲའི་གཡའ་དག་ཅིང་དྭངས་གཙང་ལྷད་མེད་ཅིག་ཏུ་མཐོང་།   མ་གཞི་ཕ་ཡུལ་ལ་གྲོང་ཁྱེར་གྱི་རྩེ་མོ་དགུང་ལ་བསྙེགས་འདྲའི་ཐོག་བརྩེགས་ཁང་ཆེན་མེད་ལ་ཚོན་སྣ་མི་གཅིག་པའི་གློག་སྒྲོན་གྱིས་བརྒྱན་པའི་མཛེས་ལྗོངས་དེ་བས་མེད།   ཕ་ཡུལ་དུ་པ་ཊའི་རི་མོ་ལྟར་བསྣོལ་བའི་གཞུང་ལམ་མེད་ལ་བྲོ་ཞིམ་གྱི་བརྒྱ་ཟས་ལེའུ་བཅོ་བརྒྱད་དེ་བས་མེད།  འོན་ཏེ་ཕ་ཡུལ་དུ་དྭངས་ཤིང་གཙང་བའི་མཁའ་དབུགས་དང་སྙན་ཞིང་འཇེབས་པའི་འདབ་ཆགས་ཀྱི་གྲེ་འགྱུར་ཡོད་ལ།   ད་དུང་བཅོས་མིན་གྱི་ཡུལ་མིའི་ངོ་གདོང་དང་ལྗང་མདོག་གི་ཟས་རིགས་སྣ་ཚོགས་ཡོད།   ཕ་ཡུལ་དུ་ཕ་སྐད་གཙང་མའི་གླེང་མོ་ཡོད་ལ་ཉམས་མྱོང་རྒད་པོའི་གཏམ་རྒྱུད་ཡོད།  ཕ་ཡུལ་གྱི་དགེ་མཚན་དུ་མ་བསམ་བཞིན་ངོ་གདོང་ལ་སྔར་མེད་ཀྱི་འཛུམ་མདངས་ཤིག་རྒྱས་དུས།  བུ་མོས་ང་ལ་ཐུག་ཐུག་གཞུས་ཏེ“ཨ་མ་ལགས།  ཨ་མ་ལགས།  ཁྱེད་རང་ཐུགས་སེམས་སྤྲོ་མདོག་ལ”ཞེས་ཟེར།  ངས་བུ་མོའི་མགོ་ལ་བྱིལ་བྱིལ་བྱེད་ཞོར“ཨ་མ་དངོས་གནས་སེམས་པ་ཧ་ཅང་གི་སྐྱིད་པོ་འདུག… མང་དུ་ཀློག >

གཅེས་འཛིན་བྱོས།

གཅེས་འཛིན་བྱོས། སྒ་རྒན་ཀུན་བཟང་རིག་འཛིན། དྲིན་ཕ་མའི་འགྲམ་གྱི་གཅེས་ཕྲུག་ཚོ༎ དྲིན་ཕ་མ་བཀའ་དྲིན་ཆེན་པོ་ཡིས༎ སེམས་རྩེ་གཅིག་བུ་ལ་གཏད་ནས་ཡོད༎ འཚོ་བཞུགས་དུས་བཀུར་སྟི་ལེགས་པར་བྱོས༎ གོས་གང་འཇམ་སྣེ་རེ་ཕ་མར་གཡོགས།། ཟས་གང་ཞིམ་སྣ་རེ་ཕ་མར་བྱིན།། གཏམ་གང་སྙན་ཚིག་རེ་ཕ་མར་སྨོས།། སེམས་བརྩེ་བ་དྲོན་མོ་ཕ་མར་ཆོངས།། ཕྱིའི་རྩིང་སྤྱོད་ལུས་ནས་རིང་དུ་དོར།། ཁ་ཚིག་ལོག་ངག་གི་སྒོ་ནས་ཁོག། ཡང་མ་གུས་ཡིད་ནས་གཙང་མར་སོལ།། ལས་གང་བྱས་ཕ་མར་ལན་རེ་དྲིས།། དྲིན་མཇལ་དགོས་བསམ་ན་ད་ཚོད་རེད།། ཁོང་ནམ་འགྲོ་སུས་ཀྱང་ཤེས་ཐབས་མེད༎ ཁོང་འཆི་བདག་བཙན་པོས་འབོད་པའི་དུས༎ དུས་སྐད་གཅིག་ཙམ་ཡང་སྒུག་ཁོམ་མེད༎ ཁོང་མ་སྒུག་རིང་དུ་བཞུད་པའི་སྐབས།། གཏམ་བཤད་འཕྲོར་ལུས་སོང་ཟེར་ས་མེད༎ དྲིན་གཞལ་རྒྱུར་ལུས་སོང་ཟེར་ས་མེད༎ སྐད་ངུ་འབོད་བྱས་ཀྱང་ལོག་ཐབས་མེད༎ འཚོ་བཞུགས་དུས་བཀའ་དྲིན་མ་དྲན་ཞིང་།། དྲིན་ཕ་མ་བྱམས་གྱིས་མ་བསྐྱང་ན།། སེམས་ལུས་པོ་སོ་སོར་འགྱེ་བའི་སྐབས།། སེམས་འགྱོད་པའི་མིག་ཆུས་བརླན་ཡོང་ངོ་།། ད་མ་སྡོད་ང་དང་མཉམ་དུ་ཤོག། དྲིན་ཕ་མའི་བཀའ་དྲིན་འཇལ་དུ་འགྲོ། ཚིག་བསླབ་བྱའི་བཀའ་གསུང་སྒྲུབ་ཏུ་འགྲོ། སེམས་འགྱོད་པའི་རྟ་ཁ་གཅུན་དུ་འགྲོ།… མང་དུ་ཀློག >

འཆར་སྣང་ཡིད་ཀྱི་ཨ་ལོང་།

Processed with Rookie Cam

འཆར་སྣང་ཡིད་ཀྱི་ཨ་ལོང་། གཙང • འབྲོང་སྙུག ༡ ཨེ་མ། ཟླ་འོད་མོག་མོག་ཙམ་ཡང་དབེན་པའི་མཚན་མོ་འདིར། ཀུན་རྟོག་གི་བྱ་སྒྲོ་དེའང་རྒྱུགས་འགོ་ཚུགས། ལམ་ཟུར་གྱི་ཁྱི་སྐད་དེས་ཁུ་སིམ་འབད་དེ་དཀྲོག ཧ་ཧ་་་་་་་ ༢ སྙན་དངགས་པར་དབང་བའི་འཆར་ཡན་གྱི་ལྷ་མོའི་བཞིན་རས། ལྷན་སྐྱེས་སུ་འཁྲུངས་པའི་མཛེས་ཆོས་དག་གླེང་རྒྱུར་སྤྲོ་མཁན་འབའ་ཞིག་ནི་སྙན་དངགས་པ། དྲན་ཚད་འཆར་ཡན་དུ་སྨྲེང་བཞིན་སྨྲེང་ཚད་ཕབ་པར་སྤྲོ་མཁས་ཀྱང་དེའོ། འཆར་ཡན་གྱི་གཡོག་པོ་ནི་སྙན་དངགས་པ། ཧ་ཧ་་་་་་་་་ ༣ སོང་སོང་བའི་ལམ་ཀྱོག་ཅིག་ཏུ། རྡོ་རིང་ཞིག་སྤོབས་ཉམས་དང་བཅས་འགྱིང་ནས་འདུག གང་ཞིག་གི་མི་ཚེའི་ས་ཁྲ་དེའང་དེ་ནས་ལམ་མེར་གསལ་ཨང་། སྔོག་སྔོག་ན་བདེན་དོན་དང་དོན་དོན་ན་ཆགས་སྒོ་ཞིག་ལས་འདས་རྒྱུ་མེད། དེ་ནི་གཡོ་འོག་ན་འཚོ་བཞིན་ཡོད་པས་སོ། བཤད་བཤད་ན་རྫུན་དང་རྫུན་པའི་རུམ་ན་བདེན་དོན་ཞིག་ཉལ་ཡོད་པ་ནི་སྨྲོས་མི་དགོས་པས་སོ། ༤ འཕུར་སོང་། འཕུར་ནས་ལོ་འགའ་ཤས་འདས་སོང་། སྐྱོ་སོང་། སྐྱོ་ནས་ལོ་འགའ་ཤས་ཀྱང་འདས་སོང་། ཧ་ཧ་་་་་ བར་སྣང་ནི་ཆུ་འཛིན་ནག་པོས་འཁེང་།… མང་དུ་ཀློག >

སློབ་གྲྭ་ཐོན་རྗེས།

སློབ་གྲྭ་ཐོན་རྗེས།       སློབ་གྲྭའི་འཚོ་བ་དང་བྲལ་ནས་ལོ་ངོ་གསུམ་ལ་ཉེ་ཞིང་། བློ་གཏད་བཅོལ་སའི་ཕ་ཡུལ་མ་ཡུལ།ཕ་མ་ཉེ་དུ་དང་གྱེས་ཏེ་ཆ་རྒྱུས་ད་རྒྱུས་མེད་པའི་ཉིང་ཁྲི་གྲོང་ཁྱེར་དུ་སླེབས་ནས་ལོ་ངོ་གཉིས་ཏག་ཏག་འདས། ངས་དེ་ཡིན་འདི་ཡིན་ཞེས་སྟོན་རིན་དང་ངོམས་རིན་ཡོད་པའི་བྱ་བ་གང་ཡང་གྲུབ་ཐུབ་མེད། མ་གཞི་ལོ་ངོ་གཉིས་ཀྱི་དུས་ཚོད་ནི་རིང་མིན་ཐུང་མིན་ཞིག་ཡིན་པས་དངངས་འཚབ་དང་ཕངས་སེམས་ཆེན་པོ་བྱེད་པ་ནི་འོས་འཚམ་ཞིག་མིན་མོད། ད་དུང་གང་ཡིན་འདི་ཡིན་མེད་པར་ཉིན་མ་གང་འཁྱོལ་དུ་ལུས་པས། སྐྱོ་སྣང་དང་ཞེད་སྣང་ཞིག་མ་བསམ་ཤུགས་ཀྱིས་སྐྱེད་ཡོང་།།       གྲོགས་པོས་ནི་ད་ལྟ་ལོ་ཆུང་ཆུང་རེད།སེམས་ཁྲལ་མ་བྱེད་ཟེར། འོན་ཏེ། ངས་རྐང་ལག་བཞི་ཡི་འཛུབ་མོར་བསྐོར་ནས་བརྩིས་དུས། ད་ནི་བློ་བདེ་བག་ཕེབས་ངང་འདུག་པའི་ལོ་ཚོད་དང་དངོས་གནས་ཡོལ་ཟིན།།  ཁོམ་དྲགས་པས་ཡིན་ནའང་ཆོག  དྲན་རྒྱུ་མང་དྲགས་པས་ཡིན་ཡང་སྲིད། གང་ལྟར་ཉིན་གང་གི་ཁུར་བོ་ཕར་ལ་གཡུགས་ནས། བསམ་གཞིགས་ཀྱི་སྒོ་མོ་ཚུར་ལ་འགུག་དུས། ང་ལ་འདི་འདྲ་ཞིག་བྱས་བསམ་པའི་བློ་སྤོབས་མང་པོ་ཞིག་སྐྱེ་ཀྱིན། འདི་མི་ཡོང་ལ་དེ་ཡང་མི་འཇོན་པའི་སྣང་བ་ཞིག་དང་སྐྱོ་གདུང་ཞིག་ངམ་གྱིས་ཡོང་།།  དྲང་པོར་བཤད་ན། འགན་འཁུར་དང་སེམས་ཁྲལ་ཡོད་ཚད་ཕ་མ་སྤུན་མཆེད་ལ་སྤྲད་ནས་ཤེས་རིག་གི་སྦྲང་རྩི་འཐུ་བར་གཡེང་བའི་དུས་སྐབས་ནང་། ང་ཡང་ཕུགས་བསམ་ཡོད་ལ་ང་རྒྱལ་ཡོད་པའི་སློབ་བུ་ཞིག་ཡིན། ངས་མ་འོངས་འཚོ་བ་ལ་འཆར་གཞི་འཐེན་མྱོང་ལ། དེ་དག་ལམ་ལྷོང་ཡོང་བར་ཡིད་ཆེས་ཀྱིས་ཁེངས་མྱོང་།།  དེ་རིང་ངས་ཉིང་ཁྲིའི་དཔེ་མཛོད་ཁང་ནས་འདས་ཟིན་པའི་གང་དགའ་གང་སྐྱིད་ཀྱི་སློབ་གྲྭའི་འཚོ་བར་ཕྱིར་དྲན་བྱེད་ཞོར། གནས་དེར་ཐོན་ནས་ལོ་ངོ་གཉིས་སོང་བའི་མཐོང་ཐོས་མྱོང་གསུམ་ཞིག་མཇུག་སྡོམ་ཚུལ་དུ་སྨྱུག་ཁར་ཕབ་འདོད།། སེམས་བསམ་པའི་ནང་ན་རེ་བ་ཆེ།།  དོན་འཚོ་བའི་ཁྲོད་ན་དཀའ་ཚེགས་ཆེ།།  ༢༠༡༤ལོའི་ཟླ་བ་༥པའི་ཚེས་༥ཉིན། ངས་མེས་པོའི་ཤུལ་བཞག་གི་སྐར་ཚོགས་བཀྲ་ལ།བཙན་པོའི་རྣམ་ཤེས་ལུས་པའི་ཡར་ཀླུང་གི་ཕྱོགས་སུ་ཐོན། ང་དགའ་དྲགས་པས། ལམ་ཞོར་དུ་གདུང་སེམས་མཚོན་པའི་སྙན་ངག་ཞིག་བྲིས་ཁུལ་བྱས་པར་ཁ་བྱང་དུ་༼གྱེས་གདུང་༽ཞེས་བཏགས་ཀྱང་། བྲིས་ཤོར་བ་ནི་ཡོད་ཚད་ཆུང་བྱིས་པའི་དུས་ཀྱི་ཕུགས་བསམ་མངོན་དུ་སྒྲུབ་པའི་སྤྲོ་སྣང་དང་མ་འོངས་ལག་ཏུ་ལེན་པའི་སྤོབས་པ་རེད།། རྩེད་ཐང་ནི་༼མིང་དོན་མཚུངས་པའི་༽གྲོང་ཁྱེར་སྐྱིད་པོ་ཞིག་རེད། གདུང་སེམས་མཉམ་བསྐྱེད་བྱེད་པ་ནི་བདེ་བ་ཆེན་པོ་ཞིག་རེད། འགྱིང་ངེར་ཆགས་པའི་ཡུམ་བུ་བརླ་མཁར་གྱི་གཡས་གཡོན་ན་བཙན་པོ་གཉའ་ཁྲི་ཡིས་ལྷ་དང་བདུད་བྱས་པའི་རྣམ་ཐར་ཡོད་ལ། ལྷ་ཐོ་ཐོ་ཡིས་ལྐོག་ཏུ་དམ་ཆོས་བྱས་པའི་གཏམ་རྒྱུད་ཡོད་ཞིང་། ཡ་གླིང་གསུམ་གཉིས་དབང་དུ་སྒྱུར་བའི་མི་རིགས་ཤིག་ད་ལྟ་ཞིག་རལ་དུ་འགྱུར་བའི་བང་སོ་ཡོད། ལྷིང་འཇག་གེར་རྒྱུག་པའི་ཡར་ཀླུང་གཙང་པོའི་འགྲམ་ངོགས་ནས་ཉི་མ་ལྷ་སའི་དད་ལྡན་ཚོས་ཁ་གདན་བཀྲུས་རྗེས་ཀྱི་བཙོག་དྲི་འཐུལ་ཡོང་ལ། འཕྱོངས་རྒྱས་ཟླ་བ་སྒྲོལ་མས་སྐྱིད་པའི་གླུ་ཆུང་ལེན་ཀྱིན་མཆོད་པའི་ཆུ་ཕུད་ལེན་པའི་སྣང་བ་ཞིག་ཀྱང་ཤར་ཡོང་།། འོན་ཏེ། འཚོ་བ་ནི་༼འཆར་གཞིས་འགྱུར་ལྡོག་གི་རྗེས་མ་ཆོད་༽ཟེར་བ་ལྟར།  དབྱངས་ཅན་མའི་གསུང་ལས་སྙན་པའི་ཁ་པར་གྱི་སྦིར་སྒྲ་ཞིག་གིས་ཁོ་བོའི་ལས་དང་དབང་གི་ཁ་ལོ་བཙན་གྱིས་ཤར་ཕྱོགས་སུ་བསྒྱུར།༼ཨཱ། ཤར་ཕྱོགས་ནི་ཉི་མའི་ཁྱིམ་རེད། གནས་དེ་ན་འོད་སྣང་དང་དྲོ་སྐྱིད་ཡོད་ངེས།༽རྐྱེན་ངན་གྲོགས་ཤར་དུ་བརྩི་བ་བོད་ལ་གནའ་ནས་དར་བས། ངས་ཀྱང་རང་སེམས་གསོ་བའི་ཆིག་ལབ་རྒྱག་རྒྱུར་ཆུང་ནས་གོམས།། ༢༠༡༤ལོའི་ཟླ་བ་༥པའི་ཚེས་༡༩ཉིན། བོད་རྒྱལ་ཐོག་མས་ལྷ་དང་བདུད་བགྱིས་པའི་གཡུལ་ཤུལ་དེད་ནས་ང་རང་ཀོང་པོར་ཐོན། དེ་ནི་ངས་རྨི་ལམ་དུ་ཡང་རྨིས་མ་མྱོང་བའི་ས་ཆ་ཞིག་རེད། བག་ཆགས་ནང་ཀོང་ཡུལ་ནི་ནེ་ཙོའི་ཕ་ཡུལ་རེད།… མང་དུ་ཀློག >

࿐དུས་བསྟུན་དམངས་གཞས། ལྷ་ས་དྲན་གླུ།

ལྷ་བྱ་ཁྲུང་ཁྲུང་དཀར་མོ། ལྷ་ལྡན་ཕྱོགས་ལ་ཕེབས་ན། ལྷ་མོ་རིག་འཛིན་འཛོམས་པར། སྐད་འཕྲིན་འདི་པ་སྐྱོལ་རོགས། ཇོ་བོ་ཡིད་བཞིན་ནོར་བུ། མཇལ་སྙིང་སྐོམ་འདོད་ཆེ་ཡང་། འཚོ་བའི་ལྕགས་སྒྲོག་དམ་པོས། རང་དབང་འཕྲོགས་འདུག་གསུང་རོགས། ཡིག་དྲུག་གྲེ་བར་བསྐྱོན་ཏེ། བར་སྐོར་སྐོར་འདོད་ཆེ་ཡང་། ལས་ལ་གང་བཀོད་མ་གཏོགས། རང་དབང་མི་འདུག་གསུང་རོགས། སྒམ་ཆུང་སྐད་གྲགས་ཆེ་ལ། ཇ་མ་བདེ་སྐྱིད་མཚར་བ། མཛེས་མས་བཀྱག་པའི་གསོལ་ཇ། བདུད་རྩི་ལས་ཀྱང་ཞིམ་པ། སྣ་ཚོགས་རྒྱལ་སྤྱིའི་ཚོང་ཟོག མ་ལུས་གཅིག་ཏུ་སྤུངས་འདྲའི། ཁྲོམ་གཟིགས་སྒང་གི་འུར་ལ། ལྟ་འདོད་དེ་འདྲའི་ཆེ་ཨང་། ཤེས་རིག་ནོར་བུའི་གླིང་གི བཤེས་གཉེན་ཚེ་རྡོར་གཙོས་པའི། སྐྱེས་མཆོག་ག་ལའི་ཞལ་ཏ། ལན་གཅིག་གསན་འདོད་ཆེ་ཡང་། སྡུག་ལས་ལྷ་འདྲེའི་ཁྲལ་དེས། མི་གཏོང་ཐག་གིས་ཆོད་སོང་། ད་ལོ་དོ་ཚིགས་ནང་ལ། ཤ་ཁྲག་གདོས་བཅས་དེ་ཡང་། ཉམས་ཞན་ཇེ་ལོད་ཇེ་ཞན། འགྱུར་ཆོས་ངོ་བོའི་རང་གཤིས།… མང་དུ་ཀློག >

࿐དུས་བསྟུན་དམངས་གཞས། ཆར་རྗེས་ཀྱི་མནོ་བསམ།

བུ་རང་སྣངྒིས། སྔ་དགོང་གྲང་ལ་ཉིན་གུང་འཚིག སྦྲང་ཆར་སིལ་མ་ཡང་ཟེ་འབེབ། ཆུ་ཡུར་བཞིན་གྱི་གཞུང་ལམ་ཐོག འགྲོ་འོང་མོ་ཊའི་གྲུ་ཡིས་འཛིང་། སྡོང་ཁང་ས་ཕག་གྲུ་བཞིའི་ནང་། ཆར་པས་ཀོ་མོག་འཁྱིལ་འདུག་ཟེར། བཟའ་ཡོན་ཨར་པ་ཆང་རྐྱལ་ཁོ། ད་དུང་རིག་པ་རྙོག་འདུག་ཟེར། སེར་མ་ཆར་གྱིས་སྒྱོགས་རྡོ་འཕངས། འདོད་རྩེན་སྐྱེས་པའི་ལིངྒ་བཅག ནང་མིས་གུར་བདག་ཁྲིམས་ལ་གཏུགས། བཤོས་རིན་ཁྲི་ལྔ་ཤོར་སོང་སྐད། གཙང་ཆུ་གཡོན་ནས་འདར་ཤིག་ཤིག མྱང་ཆུ་གཡས་ནས་འཚུབས་སིག་སིག མཁའ་ཀླུང་སྦུག་གི་ཆུ་སྨྱོན་པ། སྤྲོ་འཆམ་ལམ་ནས་དྲེད་ལོང་ལོང་། ཕྱི་ཡི་འབྲུག་སྐད་ལྡིང་ལྡིང་ལྡིང་། མཱ་ཅང་རྩེད་སྒྲ་ཁྲོག་ཁྲོག་ཁྲོག འདོགས་ཁྱི་ནག་པོས་འར་འར་འར། བུ་ཆུང་ཞེད་ནས་ཧུང་ཧུང་ཧུང་། རང་སྣང་བཀྲ་ཤིས་སྟོབས་རྒྱལ།

གཟན་ཤམ་ལ་སྡོམ་པ་བཅོལ་བ།

image

《 གཟན་ཤམ་ལ་སྡོམ་པ་བཅོལ་བ་ 》 རྩོམ་བྲིས་པ། གཙང • འབྲོང་སྙུག ལེའུ་དང་པོ་ཨ་ཁུ་སྙན་གྲགས་ལགས་ཀྱི་ལས་དབང་། 1 དྲོད་འཇམ་གྱི་ཉི་འོད་ནོར་འཛིན་སྒེག་མོའི་སྐེད་པར་འཕྲོ་བཞིན་མཚམས་སྤྲིན་གྱིས་བསུ་མར་ཕེབས་པའི་སྐབས་ཤིག་ན། སྦྱོར་ངག་གི་ལམ་ནས་ཀི་སྒྲ་དང་ཐལ་སྒྲའི་ཀློང་ན་སྐུ་ཚེ་འདའ་ཞིང་ཐོས་བསམ་ལ་གཞོལ་བའི་ཨ་ཁུ་སྙན་གྲགས་ལགས་དང་ཨ་ཁུའི་སྡོམ་པ། 2 སྐྱ་རེངས་ཐོག་མ་མུན་ནག་གི་འཇིག་རྟེན་འདིར་སླེབས་པའི་དུས་སུ་དགོན་པ་ཞིག་གི་དགེ་བསྐོས་ལགས་ཀྱིས་གཏི་མུག་གཉིད་ལ་རོལ་བཞིན་པའི་གྲྭ་བཙུན་རྣམས་རྨོངས་གཉིད་ལས་སད་ཆེད། སྐར་མ་བཅོ་ལྔ་ཙམ་བར་མཚམས་མེད་པར་མཁར་རྔ་བརྡུང་བཞིན། འཇམ་དབྱངས་ཀྱི་གཟུངས་སྔགས་ཀྱང་ཤུགས་ཆེར་བསྒྲགས་ནས་ཐ་ན་དགོན་པའི་རྒྱབ་ཏུ་ཡོད་པའི་དུཿཁའི་ཉེན་པའི་ཁྱི་མོ་རྒན་མོའང་གཉིད་ལས་དཀྲོགས། དེ་ཚེ་ཨ་ཁུ་སྙན་གྲགས་ནི་ཚད་མ་རྣམ་འགྲེལ་གྱི་རྩ་བ་བློ་འཛིན་གཏོང་བཞིན་པའི་ལྒང་ཞིག་ཡིན། ཨ་ཁུ་སྙན་གྲགས་ནི་བརྩོན་འགྲུས་ཆེ་ལ་ཚུལ་ལྡན་གྱི་བཙུན་ཆུང་ཞིག་ཡིན་པ་མ་ཟད་དགོན་པའི་ཨ་ཁུ་རྒན་དར་གཞོན་གསུམ་གྱི་མིག་ཟུང་ན་ལྷམ་མེར་གསལ་བཞིན་པའི་མ་འོངས་པར་དགོན་པའི་མཁན་པོ་ཞིག་ཡིན་ལ། ད་ལྟའི་ཆར་རྟོག་གེ་ངར་མ་ཞིག་གམ་ལོག་རྟོག་གི་མེ་འོབ་གསོད་ཆེད་ཀྱི་མཚོན་ཆ་བསྣམ་པའི་རིག་ལམ་པ་ཞིག་ཀྱང་ཡིན། ཉིན་ཞིག་དགོན་པའི་བླ་མ་བསྟན་འཛིན་གྱིས་སྙན་གྲགས་ཁོ་དང་སློབ་གྲོགས་སློབ་སྦྱོང་ཡག་པ་ཁ་ཤས་གྲྭ་བསྐོར་དུ་གཏོང་རྒྱུའི་བཀའ་རྩལ། དེ་ལྟར་སྙན་གྲགས་ཁོ་ཚོ་གྲྭ་བསྐོར་ལ་འགྲོ་རྒྱུའི་ཁས་བླང་ཞིང་། གྲྭ་བསྐོར་ལ་འགྲོ་རྒྱུས་སྟ་གོན་ནམ་ནང་སྦྱོང་གཟའ་འཁོར་གཅིག་ཏག་ཏག་བྱས། ཉིན་བརྒྱད་པར་སླེབས་དུས་གཟན་ཤམ་དང་མདོང་ལུས་སོགས་གཙང་སྦྲ་བྱེད་པའི་དུས་ཚིགས་ཤིག་ཡིན། སྙན་གྲགས་ནི་སྔར་བཞིན་དུས་ཚོད་ལ་གཅེས་སྤྲས་དང་དཔེ་ཀློག་བྱས་པའི་ཕན་ཡོན་ནམ་འབྲས་བུ་དག་ལ་སེམས་ནས་རང་ཤག་ཏུ་ཐོས་བསམ་ལ་རོལ་བཞིན་ཡོད། སྙན་གྲགས་ཀྱི་གྲོགས་པོ་ཡག་ཤོས་ཧྲི་གཅོད་ཀྱིས་སྙན་གྲགས་ཀྱི་གཟམ་ཤམ་དང་སྨད་གཡོག་སོགས་གཙག་སྤྲ་ལེགས་པར་བྱས་ནས། ཉིན་དེ་དེ་ལྟར་འདས། སང་ཉིན་གྱི་ཉི་གཞོན་དེ་ཤར་རིའི་རྩེ་ནས་འོད་ལྷམ་ལྷམ་དུ་འཚེར་དུས་དགོན་པའི་བླ་མ་རྗེས་འབྲངས་དང་བཅས་འདུ་ཁང་ནང་དུ་སྙན་ལྷང་ལྷང་གི་ཆོས་སྒྲ་བར་མེད་དུ་སྒྲོགས་བཞིན་པའི་སྐབས་ཤིག་ཡིན་ལ་དེའི་དུས་སུ་ཁ་ལོ་བ་བཀྲ་ཤིས་དོན་གྲུབ་ལགས་གྲྭ་བསྐོར་ལ་ཕེབས་མཁན་རྣམས་བསུ་མར་བཅར། ཁ་ལོ་བ་བཀྲ་ཤིས་དོན་གྲུབ་ནི་དགོན་པ་གསར་བཞེང་བྱེད་སྐབས་ཤིང་ཆ་དང་ས་རྡོ་སོགས་སྐྱེས་མཁན་ཞིག་ཡིན་པ་མ་ཟད་ལོ་གསར་དང་དུས་ཚིགས་ཁྱད་པར་ཅན་ཡིན་ཕྱིན་དགོན་པར་མཆོད་མཇལ་དང་ཨ་ཁུ་ཁོ་ཚོ་དང་མཉམ་དུ་ཞུགས་པར་འོང་གིས་ཡོད། དེ་ཕྱིར་བླ་གྲྭ་ཚང་མས་ཁ་ལོ་བ་ཁོང་ཡིད་ཆེས་བྱེད་སའི་མི་སྣ་ཞིག་ཏུ་གྱུར་བ་རེད། དོན་གྱི་གནད་གླེང་ན། ཁ་ལོ་བ་བཀྲ་ཤིས་དོན་གྲུབ་དགོན་པའི་རུང་ཁང་དུ་ཤར་མར་ཕྱིན་ནས་གསོལ་ཇ་མཆོད་བཞིན་ཨ་ཁུ་རྣམས་སྒུག་ནས་བསྡད།… མང་དུ་ཀློག >

༈གདོང་འབག་གྱོན་རྒྱུར་ལོབས་པའི་ང་ཚོ།

༈གདོང་འབག་གྱོན་རྒྱུར་ལོབས་པའི་ང་ཚོ། ཁ་བའི་ལང་ཚོ། རང་རྒྱལ་དང་གཞན་ཕམ་ཟེར་བ་ནི་བཅོས་ཐབས་མེད་པའི་ནད་ཡམས་ཤིག་སྟེ་ནད་ཡམས་འདི་ང་ཚོར་བགོས་པ་ནས་བཟུང་ང་ཚོ་འགྱུར་བཞིན་པ་ཐ་ན་ང་ཚོས་ཀྱང་མ་ཤེས་པ་འདི་ནི། ང་ཚོ་གདོང་འབག་གྱོན་གྱུར་ལོབས་པས་ཡིན་པ་འདྲ། བོད་རིགས་ཀྱི་རིག་གཞུང་དང་། བྱམས་བརྩེའི་རིན་ཐང་ནི་ད་ཆ་ང་ཚོའི་གདོང་འབག་ཙམ་དུ་གྱུར་ནས་འདུག་པ་འདི་རེད། རིག་གཞུང་ཇི་འདྲའི་རྩ་ཆེན་དང་བྱིན་རླབས་ཆེ་ཡང་ང་ཚོས་སློབ་སྦྱོང་དང་སྦྱང་པ་མེད་པས་ང་ཚོ་ནི་གསེར་གྱི་ཕོར་པ་ཁྱེར་བའི་སློང་མོ་བ་སྟེ་ང་ཚོའི་རིག་གཞུང་ཞེས་གདོང་འབག་མཛེས་པོ་ཞིག་གྱོན་ཏེ་དོན་གྱི་རང་ཉིད་ནི་སློབ་གྲྭ་ག་གེ་མོའི་དུས་ཚོད་ཁྱོལ་ཙམ་གྱི་བསླབ་གནས་རེ་ལོན་ཨེ་ཐུབ་ཀྱིས་ལྕགས་ཕོར་རག་ཐབས་ཁོ་ན་ལས་སེམས་ལ་འཆར་གཞི་དང་ཕུག་བསམ་ཇི་ལྟར་ཡིན་པ་ངོས་ཟིན་དཀའ་ལ། བྱམས་བརྩེ་དང་ལྷག་བསམ་ཞེས་ཧ་ཅང་གི་རིན་ཐང་དང་བྲལ་བའི་ཀུན་སྤྱོད་འདི་ནི་མི་རིགས་གཞན་གྱི་མིག་མདུན་དུ་ང་ཚོས་གྱོན་རྒྱུའི་གདོང་འབག་ཙམ་ལས་དོན་དུ་ང་ཚོས་བྱམས་བརྩེ་དང་ལྷག་བསམ་གཙང་མས་ཕ་མར་སྲི་ཞུ་བྱ་མི་ཐུབ་ལ་རིགས་ལ་ཤ་ཞེན་བྱ་མི་ཐུབ། ❶”ཆོ་མེད་ཡོན་ཏན་ཁྱོན་ནས་མེད་པའི་ལས་ཀ་ནི་ང་ཚོས་བྱེད་ཀྱིན་འདུག་དེ་འདྲ་ཁྱོན་ནས་མ་བྱེད། “ང་ཚོས་བསམ་བློ་མ་བཏང་ན་ལྷ་ས་བདུད་སར་གྱུར་ཉེན་འདུག “དེ་ལྟར་གདོང་འབག་གྱོན་ཆེ་བས་ང་ཚོས་ང་ཚོ་རང་ཉིད་ཇི་ལྟར་ཡིན་པ་མ་ཤེས་ལ། དྲང་པོར་བཤད་ཚེ་ང་ཚོའི་བྱ་སྤྱོད་ཡོད་ཚད་ཀྱང་ཚུལ་ཆོས་ཉིད་དུ་སོང་སྟེ་ད་ཆ་སྔོན་དང་མི་འདྲ་བར་ཐ་ན་ཕན་ཚུན་ལ་ཡིད་ཆེས་མེད་པར་གྱུར་པའི་སྣང་ཚུལ་སྐྱོ་པོ་ཞིག་ཀྱང་མཐོང་རྒྱུ་ཡོད་པ་འདི། ང་ཚོ་གདོང་འབག་གྱོན་རྒྱུར་ལོབས་པ་ཁོ་ནས་རེད། ད་ཆ་ང་ཚོས་བེད་སྤྱོད་ཤེས་པའི་མཉེན་ཆས་གཅིག་པུ་སྟེ་”འཕྲིན་ཕྲན་”微信 ཡིན་པ་རེད། དེ་ཡང་ད་ཆ་གདོང་འབག་གི་བཟོ་གྲྭ་ཁོ་ནར་གྱུར་ནས་ཡོད་མེད་ང་ཚོས་ནན་ཏན་གྱི་བསམ་གཞིགས་བྱས་ན་ཤེས་ཐུབ། གདོང་འབག་གྱོན་ནས་རང་ཉིད་ཀྱི་མི་ཚེར་བདེ་སྐྱིད་ཡོད་པ་དང་། གདོང་འབག་གྱོན་ནས་ང་ཚོའི་མི་རིགས་ཡར་རྒྱས་སུ་འགྲོ་བ། གདོང་འབག་གྱོན་ནས་སྦྱང་པ་མེད་པའི་ཤེས་ཡོན་པར་གྱུར་འདོད་སྐྱེ་བ་ནི་ང་ཚོའི་སྟོང་བསམ་དང་ཉེན་ཁ་ཁོ་ན་རེད། རང་གཟུགས་ཧ་ཅང་མངོན་སླ་བ་ཡིན། རང་གཟུགས་མངོན་རྗེས་ཐ་ན་ང་ཚོས་ཀྱང་བལྟ་ན་མི་འདོད་པའི་འཇིགས་སུ་རུང་བ་དེ་ཡིན་པ་རེད། དེ་དུས་རང་བྱས་རང་ལ་སྨིན་པས་ང་ཚོ་”ལས་ངན་”དུ་གྱུར་པ་རེད། ལས་འབྲས་ལ་ཡིད་ཆེས་དང་རྒྱུ་འབྲས་ལ་བརྩི་བཀུར་བྱེད་པའི་ང་ཚོ་ཡང་། དེ་དུས་ང་ཚོ་སྨྲ་མི་ཤེས་པའི་ལྐུག་པར་གྱུར་པ་རེད། ང་ཚོས་ཐ་ན་རང་སྐད་རང་ཡིག་ཡང་དག་ཞིག་ཀྱང་མ་ཤེས་པར་གཞན་སྐད་འདྲེས་མས་ཅི་ཞིག་ཡིན་མདོག་མཁས་མདོག་གིས་གདོང་འབག་གྱོན་ཏེ་མེས་པོ་ཚོའི་ཞབས་འདྲེན་བྱ་བཞིན་པ་འདི་ཡང་དངོས་ཡོད་རེད། འདི་ལྟ་འདི་ལྟར་མཐོ་བར་སྤྲེལ་ལད་དང་དམའ་བར་རྫིག་ཉམས་སྟོན་པའི་གདོང་འབག་འདི་གཉིས་ཀྱིས་ང་ཚོའི་སྤྱི་ཚོགས་དང་མི་རིགས། མའོངས་པའི་བྱིས་པ་རྣམས་ལ་མདུན་ལམ་དང་མིག་དཔེ་ཅི་འདྲ་ཞིག་བསྐྲུན་རྩིས་འདུག་པ་ཐུགས་བསམ་རེ་བཞེས་རོགས། མ་ཟད་ཕྱི་ནས་རང་ཅག་དང་རང་ཉིད་ལ་མགོ་བསྐོར་དང་བསླུ་ཁྲིད་ཇི་ལྟར་བྱེད་ལ་དོ་སྣང་ཡེ་ནས་མེད་པར་❷”ནགས་མཐའ་མེ་ཡིས་བསྐོར་བ་ལ།། སྤྲིའུ་རྣམས་ད་དུང་སྐྱིད་སྙམ་གནས།།”གསུངས་པ་ལྟར། དགའ་མདོག་དང་ཅི་ཞིག་ཡིན་མདོག་སྟོན།… མང་དུ་ཀློག >

ཁམས་ཁུལ་གྱི་སློབ་ཆེན་སློབ་མ་དང་ཁོ་ཚོའི་ལྷག་བསམ།

—དགེ་མཆོག ངས་ཟླ་འགའི་གོང་དུ་ཁམས་ཀྱི་སློབ་ཆེན་སློམ་མའི་སྤྱི་ཕན་གླིང་ཞེས་པའི་འཕྲིན་སྟེགས་ཤིག་མཐོང་བྱུང་། མིང་དེ་ཐོས་པ་དང་སེམས་ལ་དགའ་ཚོར་ཅུང་བྱུང་ཞིང་དེ་མུར་འཕྲིན་སྟེགས་དེར་དོ་ཁུར་བྱས། རྒྱུ་མཚན་ནི་ཁམས་པའི་སློབ་ཆེན་སློབ་མ་དང་སྤྱི་ཕན་ཞེས་པའི་ཐ་སྙད་གཉིས་པོ་དེ་འཕྲིན་སྟེགས་འདིའི་ཐོག་ལ་ཕན་ཚུན་འབྲེལ་བ་ཞིག་གྲུབ་འདུག་པས་ཡིན་ཟེར་ན་ཆོག་པ་ཡིན། དེའང་ཚོགས་པ་འདི་རྩ་འཛུགས་མཁན་དང་ཚོགས་མི་ཚང་མ་ཁམས་ཆབ་མདོའི་སློབ་མ་ཤ་སྟག་ཡིན་པ་ཤེས་དུས་དེ་བས་སེམས་དགའ་བ་ཞིག་རེད། དེའི་རྒྱུ་མཚན་ནི་ནམ་རྒྱུན་མི་ཚོའི་ལྟ་སྟངས་ལ་ཁམས་ཆབ་མདོའི་ཕྱོགས་ཀྱི་མང་ཚོགས་ཀྱི་བསམ་བློའི་ཆུ་ཚད་སྐྱོ་པོ་ཡིན་པ་དང་། ཤེས་ཡོན་པ་དང་སྤྱི་ཕན་མཁན་གྱི་མི་སྣ་དཀོན་སའི་ཡུལ་ལུང་ཡ་ང་བ་ཞིག་ལ་བརྩི་བའི་སྲོལ་ཞིག་འདུག་ལ། དོན་ལའང་དེ་འདྲ་མ་རེད་ཟེར་རྒྱུ་མེད་པ་ལྟ་བུར་ཆགས་ཡོད། དེ་འདྲ་ཡིན་དུས་ད་རེས་ཆབ་མདོའི་རང་ས་ཡུལ་ནས་ཡིན་པའི་རེ་བའི་མེ་སོན་དང་མ་འོངས་པའི་ཆབ་མདོའི་བདག་པོར་གྱུར་པའི་སློབ་ཆེན་སློབ་མའི་སྡེ་ཁག་ཏུ་འདི་འདྲའི་བསམ་བློ་ཀུན་སྤྱོད་ཅན་གྱི་ན་གཞོན་མང་དག་ཅིག་ཡོད་པ་མཐོང་དུས། དེ་སྔོན་ཆབ་མདོ་སྤྱི་ཡོངས་ལ་ཡོད་པའི་མིང་ཡིག་ནག་པོ་དེའང་རང་ས་ནས་རང་དག་ཏུ་གཏོང་ཐུབ་ཚོད་འདུག་བསམ་པའི་སྤོབས་པ་ཞིག་བསྩལ་བས་ཀྱང་ཡིན་ལས་ཆེ། ཡང་གཞན་ཞིག་ནས་ཀྱང་མི་རིགས་གཞན་ཚང་མ་ཡང་ཤེས་དཔལ་ཅན་དང་ཡར་ཐོན་ཅན་ལ་ཁ་ཕྱོགས་ཏེ་སྤྱི་ཚོགས་འདི་སྔར་བས་མཛེས་པ་དང་སྔར་བས་ཕུན་སུམ་ཚོགས་པ་ཞིག་ཡོང་ཆེད་འབད་པ་བྱེད་བཞིན་པའི་དུས་འདིར། རང་རེའི་ན་གཞོན་ཚོ་ཡང་རང་རེ་ལ་ཡོད་པའི་ཐུན་མིན་ཁྱད་ཆོས་ཏེ། བྱམས་བརྩེ་དང་དྲང་བདེན་གྱི་སྲོག་ཤིང་བྱས། ཕ་སྐད་མ་ཡིག་གི་ལམ་བུ་གཏོད་དེ་གཞན་དང་འདྲ་བར་མདུན་བསྐྱོད་ཀྱི་གོམ་པ་སྤོ་ཐུབ་ཡོང་བ་མིན་ནམ་སྙམ་པ་དེ་ཡིན། ཁོ་ཚོས་ནམ་རྒྱུན་དབྱར་གསེང་དགུན་གསེང་གི་གོ་སྐབས་དང་བསྟུན་སྨན་ཁང་དུ་སོང་ནས་སྨན་པ་དང་ནད་པའི་བར་སྐད་བསྒྱུར་བྱེད་རོགས་བྱེད་པ། དབང་སྐྱོན་སློབ་གྲྭར་སོང་སྟེ་གྱོན་ཆས་བཀྲུ་བ་དང་ཁོར་ཡུག་གཙང་སྦྲ་བྱེད་རོགས་བྱེད་པ། གྲོང་གསེབ་ཆ་རྐྱེན་སྐྱོ་བའི་ཡུལ་ལ་བསྐྱོད་དེ་བོད་སྐད་ཡིག་ནས་གཞི་བཙུགས་ཏེ་ཡིག་རྨོངས་སེལ་བ་དང་ཟབ་སྦྱོང་སློབ་ཚན་འཚོགས་རོགས་བྱེད་པ་སོགས། མདོར་ན་ཆེན་པོ་ལྷག་པོ་སུས་ཀྱང་སྤྱན་རས་གཡོ་ཡུལ་དུ་མ་གྱུར་ཅིང་། ཕྱག་ལག་སྐྱོང་ཡུལ་དུ་དེ་བས་ཀྱང་མ་ཁེལ་པའི་ཡུལ་དངོས་སུ་སོང་སྟེ། ཁ་ཡོད་ལག་ཡོད་ཀྱིས་རིགས་ཀྱི་བརྩེ་བས་ནང་ནས་སྐྱོར་ཞིང་། ཡ་རབས་སྤྱོད་པས་ཕྱི་ནས་བསྙོར་ཏེ། ལྷག་བསམ་གཙང་མ་དང་བདེན་པ་བདེན་ཐོབ་ཀྱིས་ཁ་བཤད་ལས་ལག་ལེན་གཙིགས་སུ་བཟུང་སྟེ་བྱ་བ་འདི་འདྲ་སྒྲུབ་ཅིང་འདུག །ཁོ་ཚོའི་ཚོགས་སྡེ་ནི་ཡར་གྱི་ལྷ་ས་དང་མར་གྱི་རྒྱ་ཡུལ་གྱི་སློབ་ཆེན་ཁག་སོ་སོ་ན་ཡོད་པ་དང་། དཔེར་ན་ཁྲིན་ཏུའུ་ལྟ་བུ་བོད་པའི་ནད་པ་མང་ས་དང་། ནད་པ་དང་སྨན་པའི་བར་གོ་བརྡ་མི་འཕྲོད་པའི་དཀའ་ངལ་ཆེ་ས་དག་ནས་ཁོ་ཚོའི་སྤྱིན་ཕན་ཚོགས་པ་ལས་ཁྲིན་ཏུའུ་ལ་ཡོད་པའི་ཚོགས་མི་དག་གིས་གང་ཐུབ་རོགས་པ་གནང་བཞིན་པ་འདི་ག་ལགས། ད་དུང་ཁོ་ཚོའི་དོན་སྙིང་ལྡན་པའི་བྱ་འགུལ་གཞན་ཞིག་ནི་ཉེ་སྔོན་རྒྱ་ཡུལ་གྱི་བོད་ལྗོངས་སློབ་འབྲིང་བརྗོད་གཞིར་བྱས་པའི་དཔྱད་རྩོམ་འགྲན་སྡུར་ཞིག་བསྡུས་སོང་། གཅིག་ནས་སློབ་མ་མང་པོ་ཞིག་ལ་རྩོམ་ཡིག་འབྲི་བར་བསྐུལ་ཏེ་རྗོད་བྱེད་ཀྱི་ཆ་ནས་རྩོམ་ཡིག་གི་ཆུ་ཚད་གོང་མཐོར་གཏོང་ཆེད་ཀྱང་ལོས་ཡིན། གཙོ་བོ་ནི་ད་ཐེངས་ཀྱི་དཔྱད་རྩོམ་འགྲན་སྡུར་འདི་བརྗོད་བྱ་དོན་སྙིང་ཆེས་ཆེ་བ་ཞིག་རེད་དྲན། གནད་དོན་དེའི་སྐོར་ཁ་ཚ་དགོས་གཏུགས་ཀྱིས་གླེང་དགོས་པ་ཞིག་ཡིན་པ་དང་། དེ་གླེང་དུས་ཀྱང་ཁོ་ཚོ་ལྟ་བུ་རྒྱ་ཡུལ་གྱི་བོད་ལྗོངས་སློབ་འབྲིང་ལ་ཞུགས་མྱོང་མཁན་གྱི་སློབ་མ་དང་།… མང་དུ་ཀློག >

སློབ་ཆུང་ལོ་རིམ་དང་པོའི་རྒྱ་ཡིག་སློབ་ཁྲིད་ལས་འཕྲོས་པའི་དྲན་ཚུལ་ཐོར་བུ།

སློབ་ཆུང་ལོ་རིམ་དང་པོའི་རྒྱ་ཡིག་སློབ་ཁྲིད་ལས་འཕྲོས་པའི་དྲན་ཚུལ་ཐོར་བུ། གཅན་གསང་བདག        ད་ལྟའི་བོད་ཀྱི་སློབ་གྲྭ་ཆུང་འབྲིང་གང་ཡིན་སར་སློབ་ཆུང་སློབ་མའི་རྒྱའི་སྐད་ཡིག་གི་སྦྱངས་འབྲས་འཁོས་ཀ་ཞེན་པའི་སྣང་ཚུལ་རྟག་པར་མཐོང་འོང་། དགེ་རྒན་བྱིངས་ཀྱི་ཡང་གནད་འདིའི་རྒྱུ་མཚན་ཡོད་རྒུ་བྱིས་པ་བླུན་རྨོངས་ཡིན་ཚུལ། ལུག་རིན་པོ་ཆེ། ལུག་ཚང་དཔལ་ཡོན་གྱི་ཚོགས་གཙོ་ཡེ་ཤེས་བསྟན་འཛིན་ཡིན་ནམ་དྲ་ཐོག་ཏུ་ལུག་རིན་པོ་ཆེ་འབོད་པའི་མི་འདི་ཡིན།

མ་ཡུམ་གྱི་བྱད་བཞིན་ཉམས་འདུག

མ་ཡུམ་གྱི་བྱད་བཞིན་ཉམས་འདུག གྲུག་སྨྱོ་བསྟན་གཡུལ་རྒྱལ།- དེ་སྔ་གནམ་འོག་ན་ཡོན་ཏན་བརྒྱད་དང་ལྡན་པའི་ལང་ཚོའི་བྱད་བཞིན་ངོམ་པའི་མཛེས་མ་ཞིག་ཡོད་པར་གྲགས་ན་བདག་གི་མ་ཡུམ་ཡིན་འདོད། དེ་ཡང་ང་རང་བྱིས་པ་ཡིན་དུས། ངའི་རྣམ་ཤེས་ཀྱི་མགྲོན་ཁང་ཆུང་ངུ་དག་ནི་ཁྱེད་ཀྱི་ལྟོ་བར་གབ་ཅིང་ཐིམས་ཡོད་ལ་ལོ་ཡི་བགྲང་ཆ་དུ་མ་དཀའ་སྡུག་གི་ཟུག་ངུ་ཡོད་ཚད་སྒོམ་ཏེ་བསྐྱངས། ངེད་ཚོ་ག་ལེར་ཚ་གྲང་སྙོམ་ཞིང་ཆེ་ཆུང་རན་པ། འཇམ་པོས་མི་གཉིད་ལ་རྩུབ་མོས་མི་གཙེར་བའི་འཇིག་རྟེན་ཞིག་ན་བསྐྱོད་དུ་བཅུག ལུག་རིན་པོ་ཆེ། ལུག་ཚང་དཔལ་ཡོན་གྱི་ཚོགས་གཙོ་ཡེ་ཤེས་བསྟན་འཛིན་ཡིན་ནམ་དྲ་ཐོག་ཏུ་ལུག་རིན་པོ་ཆེ་འབོད་པའི་མི་འདི་ཡིན།

འཚོ་གནས་ཀྱི་གདམ་ཀ

འཚོ་གནས་ཀྱི་གདམ་ཀ ———སྐད་འདི་མཐར་ཕྱིན་སློབ་མ་པ་སངས་ཟླ་བ་ལ་འཕྲོད་པར་གྱིས། བོད་ཕྲུག་རྡོ་རྗེ། དེ་རིང་གློ་བུར་དུ་སྔོན་ཆད་འཐམས་མ་མྱོང་བའི་ཤོག་སྨྱུག་གི་ལས་ཀ་ཞིག་ལ་ལག་པ་འཆིང་ནས་རང་གི་བློ་ངོར་ཡོད་པའི་ཐ་སྙད་དང་རྗོད་པ་ཤི་རོ་དེ་དག་རེ་རེ་བཞིན་ཡར་སློངས་རྩིས་བྱས་པ་ཡིན།འོན་ཀྱང་བལྟས་པའི་མཐོང་རྒྱ་ཆུང་ལ་ཉན་པའི་ཐོས་རྒྱ་ཆུང་བ།ལས་པའི་དོན་སྒོ་ནི་དེ་བས་ཀྱང་ཆུང་བའི་མི་ཞིག་ལ་མཚོན་ན་རང་མགོ་ལག་པས་ཁེབས་ན་མྱི་མགོའི་ཕྱྭ་ར་ཟེར་བའི་དཔེ་ལྟར།ཚིག་དོན་གང་གི་ཐད་ནས་ཀྱང་འབྲུ་གསལ་ལ་དོན་སྨིན་པ།འཕྲལ་མར་ཀློག་པ་པོ་ཁྱེད་ལ་བསམ་པའི་ཚོར་འདུ་བསྐྱེད་ཅིང་དེ་མར་འཚོ་གནས་ལ་ཕན་ཐོགས་ཐུབ་པ་ཞིག་འབྲི་རྒྱུའི་གདེང་ཚོད་གཞར་ནས་མེད་དེ་ཡོད་ཀྱང་མི་སྲིད།། ལུག་རིན་པོ་ཆེ། ལུག་ཚང་དཔལ་ཡོན་གྱི་ཚོགས་གཙོ་ཡེ་ཤེས་བསྟན་འཛིན་ཡིན་ནམ་དྲ་ཐོག་ཏུ་ལུག་རིན་པོ་ཆེ་འབོད་པའི་མི་འདི་ཡིན།

རང་རྟོན་མེད་པའི་གཞོན་རབས།

༈ རང་རྟོན་མེད་པའི་གཞོན་རབས། ངར་ཞགས། ང་ཚོའི་མི་རིགས་ལ་མཚོན་ན་ཆེས་ངན་ཆ་ཞིག་ཡོད་ནོ། ནམ་ནམ་རྒྱུན་རྒྱུན་གཞན་ཞིག་གི་བྱ་སྦྱོད་ཨེ་འཁྱོངས་བལྟ་རྒྱུ་འམ་གཞན་ཞིག་གི་གོ་ས་ཨེ་རྙེད་བལྟ་རྒྱུ་ལས། གསར་གཏོད་མེད་པ་འདི་རེད།   རོང་འབྲོག་ན་འཚོ་བཞིན་པ་དང་སློབ་སྦྱོང་བྱེད་བཞིན་པའི་གསར་བུ་གསར་མོ་གང་ལ་མཚོན་ན་ཡང་ཁོ་ཚོས། ཕ་མ་དང་དགེ་རྒན་ཚོས་གང་ཞིག་འཁྱོངས་པ་དེ་འཁྱོངས་ནས་བཟུང་འགྲིག་བསྡད་ཡོད་སྣང་ངམ།  ལུག་རིན་པོ་ཆེ། ལུག་ཚང་དཔལ་ཡོན་གྱི་ཚོགས་གཙོ་ཡེ་ཤེས་བསྟན་འཛིན་ཡིན་ནམ་དྲ་ཐོག་ཏུ་ལུག་རིན་པོ་ཆེ་འབོད་པའི་མི་འདི་ཡིན།

སྙན་ངག་གི་ལུས་རྒྱན་སྲོག་གསུམ་ཅུང་ཙམ་བཤད་པ།

གཡུང་དྲུང་ཚེ་རིང་། དང་པོ།སྙན་ངག་གི་གོ་དོན་བཤད་པ། དངོས་བོ་གར་དེའི་མིང་དང་མིང་གར་ཡོད་དེར་གོ་དོན་གྱིས་ཁྱབ་པ་ཞིག་ཡིན་ཕྱིར་སྙན་ངག་ལའང་གོ་དོན་ཡོད་པ་ཞིག་རེད།དེ་ཡང་སྙན་ཞེས་པ་ནི་རྣ་བའི་ཞེ་ཚིག་ཞིག་དང་ངག་ཅེས་པ་ནི་ཚིག་གི་ཕྲེང་བར་བརྗོད་པ་ཞིག་ལ་བྱ་སྟེ་ངག་སྒོ་ནས་ཐོན་པའི་སྐད་ཆའི་རྣམ་པ་གཞན་དང་མི་འདྲ་བར་གད་མོ་སློང་བའམ་ཡང་ན་ཁྲོ་ཞིང་སྡང་བ།བག་འཁུམས་ནས་སང་ཤི་གནངས་ཤི་ལྟ་བུ་སོགས་ཚིག་གིས་ཉམས་འགྱུར་ཕུན་སུམ་ཚོགས་ཤིང་སྤྱི་ཚོགས་འཚོ་བ་མཚོན་པར་བྱེད་པའི་སྒྱུ་རྩལ་རྣམ་པ་ཡིག་ཐོག་ཏུ་བཀོད་པ་འམ་ངག་ཐོག་གང་རུང་གི་ལམ་ནས་ཀློག་པ་པོའམ་ཉན་པ་པོའི་ཡིད་འཕྲོད་པར་བྱེད་པ་ཞིག་ལ་སྙན་ངག་ཅེས་བརྗོད་ཆོག་ཏེ་ གཡུང་དྲུང་ཚེ་རིང་། ཞོར་གཙང་། ངས་རང་ཉིད་ཀྱི་ལྟ་བ་བརྗོད་ཀྱི་ཡོད།

སྡོམ་ཚིག་ཚིག་བཞི་མ།

སྡོམ་ཚིག་ཚིག་བཞི་མ། གཙང འབྲོང་སྙུག མི་སུ་འདྲ་ཡིན་རུང་སློབ་གྲྭ་ནི་མི་བཟོ་ས་ཡིན་པ་ལས་མི་གསོ་ས་མ་ཡིན་པ་ཤེས་དགོས། གླེགས་བམ་གང་འདྲ་ཡིན་རུང་དཔྱད་ཡིག་ཅིག་ཡིན་པ་ལས་བཟློག་ཏུ་མེད་པའི་གདམས་ངག་ཅིག་ཡིན་བསམ་མི་རུང་དེའི་རང་ལ་ངེས་ཤེས་ཡང་དག་པ་ཞིག་སྐྱེས་མི་ཐུབ་བོ། དོ་སྣང་བརྟན་ནས་མི་བྱེད་པའི་མི་ཞིག་ཡིན་ཕྱིན་གནད་ལ་འཕིགས་པའི་རྩོམ་རིགས་སོགས་རྒྱག་མི་ཐུབ་ལ་དོན་དག་ཆེན་པོ་ཞིག་ཀྱང་སྒྲུབ་མི་ཐུབ། སྒེར་གཅོད་མེད་འོབ་ལས་ཚ་བའི་མི་བུ་ཞིག་ཡིན་ན་ཚོགས་པ་ཞིག་གམ་སྡེ་བ་ཞིག་གི་འགོ་འཛིན་པ་ཞིག་བསྟན་ནས་བྱེད་བཅུགས་རྒྱུ་མེད། གང་ཡིན་ཞེ་ན་ཁོ་སྒེར་གཅོད་རིང་ལུགས་པ་ཞིག་ཡིན་པས་སོ། གཙང་འབྲོང་སྙུག་གམ་འབྲོང་རིན་པོ་ཆེས་རང་ངོར་གདམས་པའི་ཞོར་དུ་རང་མཉམ་དག་ལ་དམིགས་ནས་སྤེལ་བར་དགེའོ། གཙང•འབྲོང་སྙུག

གྲུབ་མཐའི་སྐོར་ལས་འཕྲོས་པའི་གསུང་ཐོར་བུ།

གྲུབ་མཐའི་སྐོར་ལས་འཕྲོས་པའི་གསུང་ཐོར་བུ། ༈ གཞུང་ལུགས་ཀྱི་དགག་བཞག་ཁྲོད་ནས་ཕ་རོལ་ལ་ཐར་པ་ཙམ་ཡང་མེད་པར་ལྟ་བ་ནི་རང་སྐྱོན་རེད། ཧའོ་དགོན་མཁན་ཆེན་ཚེ་དབང་དོན་གྲུབ་ཀྱི་གསུང་། བླ་མ་དང་གཉིས་སུ་མེད་པ་འཇམ་དཔལ་རྡོ་རྗེ་རྣོན་པོ་ལ་ཕྱག་འཚལ་ལོ། ། གྲུབ་མཐའ་ནི་བློའི་འཛིན་ཚུལ་ཙམ་ཞིག་རེད། དོན་དངོས་སངས་རྒྱས་བསྟན་པ་ལ་ཕན་ཐོག་པའི་ནུས་པ་ཤུགས་ཆེ་བ་ཡིན་པའི་ངེས་པ་མེད། ཡིན་ནའང་འཛིན་མཚམས་འདིས་མཁས་པ་སོ་སོའི་རིགས་པའི་གྲུབ་མཚམས་དང་། རང་རང་གི་དཔྱད་པ་གཏོང་ཚུལ་དང་། རིགས་པ་བཀོད་ཚུལ་ལ་ལྟོས་ནས་གྲུབ་མཐའ་འཛིན་པའི་ཚུལ་རེད། གཙང•འབྲོང་སྙུག

མཆོད་དོ། དགའ་སོང་།

མཆོད་དོ། དགའ་སོང་། གཙང ་ འབྲོང་སྙུག ཚེ་སྔོན་སྔོན་ནས་བསགས་པའི་སྨོན་ལམ་གྱིས་མཐུ་ལས། ། ཚེ་འདིར་རྣམ་སྨིན་ཆུ་སྐྱེས་མཛེས་ལྡན་གྱི་འདབ་མ། ། འཇམ་དཔལ་རྡོ་རྗེ་རྣོན་པོ་ཡི་གནས་མཆོག་འདི་རུ། ། འདབ་སྟོང་བཞད་ཁ་ཕྱེ་བའི་སྐལ་བ་འདི་བཟང་ངོ་། ། གནས་ཆེན་རི་བོ་རྩེ་ལྔའི་དབུས་རིའི་སྟེང་འབྱོར་དུས། ། མགོན་མེད་འགྲོ་བའི་དོན་དུ་སྨོན་ལམ་ཞིག་བཏབས་པས། ། སྙིགས་དུས་མུན་དུ་གཅེར་བའི་མདོ་མེད་ཀྱི་བུ་ངས། ། བསྐྱར་ཞལ་གནས་འདིར་འབྱོར་བའི་བརྟེན་འབྲེལ་ཞིག་འགྲིག་ཡོད། ། ལྷོ་རི་འཇམ་དཔལ་ཡེ་ཤེས་སེམས་པའི་གནས་རི་ནས། ། མཛེས་ལྗོངས་མིག་ལ་མཚར་ཞིང་ཡིད་ཡུལ་གྱི་ཞིང་ཁམས། ། ཚེ་མཇུག་རྣལ་འབྱོར་འཁྱམས་པོ་ང་འདྲ་ཡི་ཚོགས་ལ། ། འཇམ་དཔལ་བྱིན་བརླབས་སེམས་ཀློང་གཉུག་གཤིས་དང་འདྲེས་ཤོག ། གྲངས་མེད་འགྲོ་བའི་མགོན་པོ་རྡུལ་སྟེང་དུ་བཞུགས་པའི།… མང་དུ་ཀློག >

ཁྱིམ་བདག་དང་བྱིས་པའི་དུས་ཆེན།

ཁྱིམ་བདག་དང་བྱིས་པའི་དུས་ཆེན། སྒྲོལ་མ། དེ་རིང་སྔ་དྲོའི་ཚོགས་ཐུན་གསུམ་པ་ནི་བསམ་བློ་ཀུན་སྤྱོད་ཀྱི་སློབ་ཚན་ཡིན་པས་ངས་སྐར་མ་ལྔ་ཡི་སྔོན་ལ་འཛིན་གྲྭའི་ནང་བསྐྱོད་པ་ཡིན།   སློབ་མ་རྣམས་ལ་ཆ་མཚོན་ན།  དེ་རིང་དེབ་ཐོག་གི་ཤེས་བྱ་སློབ་ཁྲིད་བྱས་ཚེ་ཁོ་ཚོས་ཉན་འདོད་མི་བྱེད་ལ་ཉན་པའི་དབང་དུ་བཏང་ནའང་།   ནང་དོན་བློ་ལ་ཆུད་མི་ཐུབ་ཅེས་ཁ་ཚོན་གཅོད་ནུས།  གང་ཡིན་ཟེར་ན།  སང་ཉིན་ནི་དྲུག་གཅིག་དུས་སྟོན་ཡིན་པས་སོ། དྲུག་གཅིག་བྱིས་པའི་དུས་ཆེན་ནི་སློབ་མ་རྣམས་ལ་མཚོན་ན་ལོ་འཁོར་མོ་གཅིག་རེ་སྒུག་བྱས་པའི་དུས་སྟོན་དེ་ཡིན་ལ།  ཁོ་ཚོས་དགའ་ཤོས་བྱེད་པའི་དུས་ཆེན་དེ་ཡང་ཡིན།   ལྷག་པར་དུ་ཉིན་དེ་ནི་ལོ་ཆུང་བྱིས་པ་རྣམས་ལ་དབང་བའི་ཆེས་སྤྲོ་སྣང་ལྡན་པའི་ཉིན་མོ་ཡང་རེད།   དྲུག་གཅིག་གི་གལ་ཆེའི་རང་བཞིན་བསམ་དུས་ངའི་སློབ་འཁྲིད་ཀྱི་འཆར་ཟིན་ལ་བསྒྱུར་བཅོས་མི་གཏོང་དཀའ་མེད་བྱུང་།   ངས་བཏོན་ཟིན་པའི་སློབ་དེབ་དང་།   མ་ཟིན་རང་འཇགས་དེབ་ཁུག་ནང་དུ་བཅུག་ཅིང་།  ཁ་ཕྱེ་ཟིན་པའི་སློབ་ཁྲིད་སྨྱན་ཆས་ཀྱི་ནང་དོན་ཡང་ཕྱིར་ལོག་བྱས་ཏེ“ང་ནི་ས་མཐོའི་མེ་ཏོག་ཆུང་ཆུང་ཡིན”ཞེས་པའི་བྱིས་གླུ་ཕབ་གཏོང་བྱས་པ་ཡིན།   སྐད་ཅིག་ཉིད་དུ་སློབ་ཁང་ལ་གསོན་ཤུགས་གསར་པ་ཞིག་རྒྱས་ཤིང་།   དེ་མ་ཐག་ཏུ་གྲུང་ཤ་དོད་ཅིང་བློ་རིག་བཀྲ་བའི་ལོ་ཆུང་སློབ་མ་རྣམས་ཀྱི་ངོ་གདོང་ལས་དགའ་བའི་འཛུམ་མདངས་སྟོན།   སྐྱིད་པའི་གླུ་ཆུང་ཤུར་ཤུར་དུ་ལེན་འགོ་ཚུགས་སོང་།   ངས་དེ་རིང་གི་སློབ་ཚན་ནི“ང་དང་བྱིས་པའི་དུས་ཆེན”ཞེས་པ་བརྗོད་གཞིར་བྱས་ཏེ།   སློབ་མ་སོ་སོའི་བསམ་ཚུལ་སྦ་གསང་མེད་པར་ལྷུག་པོར་བརྗོད་ཆོག་པའི་ཆེས་དམིགས་བསལ་ཅན་དང་ཆེས་དོན་སྙིང་ཅན་གྱི་སློབ་ཚན་ཞིག་ཡིན་ཞེས་ཁྱབ་བསྒྲགས་བྱས་མ་ཐག… མང་དུ་ཀློག >

འཆར་སྣང་རབ་རིབ་མ།

འཆར་སྣང་རབ་རིབ་མ། དབྱངས་ཅན་སྲས་པོ། མཚན་ལྗོངས་ཁུ་སིམ་ཁུ་སིམ། རྒྱུ་སྐར་ཁྲ་བོ་ཁྲ་བོ། ང་ནི་མུན་ནག་དབུས་ནས་ཟླ་འོད་འཚོལ་བའི་མི་ཞིག སེམས་པ་ཁེར་རྐྱང་ཁེར་རྐྱང་། ཡིད་ཁམས་སྐྱ་བོ་སྐྱ་བོ། ང་ནི་སྐྱོ་གར་ཁྲོད་ནས་ཡབ་ཆེན་རེ་སྒུག་མཁན་ཞིག ཕ་སྐད་སྙན་མོ་སྙན་མོ། མ་ཡིག་མཛེས་པོ་མཛེས་པོ། ང་ནི་སྐད་ཡིག་གཉིས་ཀྱི་བཅུད་ལ་བརྟེན་པའི་བོད་ཅིག དགའ་སྐྱོ་འདྲེས་མ་འདྲེས་མ། བདེ་སྡུག་ཇི་སྙེད་ཇི་སྙེད། ང་ནི་མི་ཚེའི་ཁྲོད་ནས་བདེ་བར་བརྩོན་པའི་བུ་ཞིག བརྩེ་གཞས་འཇེབས་པོ་འཇེབས་པོ། དུང་སེམས་ཟབ་མོ་ཟབ་མོ། ང་ནི་སྣ་ཚོགས་འཆར་ཡན་ཡི་གེར་འགོད་པའི་གཞོན་ཞིག རིག་གཞུང་ཡངས་པོ་ཡངས་པོ། གོ་དོན་རྒྱ་ཆེ་རྒྱ་ཆེ། ང་ནི་རིག་པའི་དབྱིངས་ལ་ཐོས་བརྩོན་སྦྱོང་བའི་བྱ་ཞིག 2016/5/4 དགོང་མོ། དབྱངས་ཅན་སྲས་པོ། བོད་པ། ངོ་སྤྲོད་མདོར་བསྡུས། མིང་། དགའ་ལྷ་ཞོགས་གསར། ཕྱི་ལོ་༡༩༩༥ལོར་སྐྱེས། བོད་ཀྱི་རིག་གནས་ལ་ཧ་ཅང་དགའ། ལས་རིགས།… མང་དུ་ཀློག >

ཨ་མར་ཕུལ་བའི་སེམས་འཕྲིན་ཚིག་དུམ་བཅུ།

ཨ་མར་ཕུལ་བའི་སེམས་འཕྲིན་ཚིག་དུམ་བཅུ། ཁ་བའི་ལང་ཚོ། ཨ་མ། ཁྱེད་ཕེབས་ནས་ལོ་ངོ་གཉིས་ཙམ་སོང་། ཁྱེད་གཅེས་ཕྲུག་ང་དང་ཞལ་གྱེས་ནས་ལོ་ངོ་གཉིས་ཙམ་སོང་། ཨ་མ། ང་རང་སྔར་བཞིན་ཁེར་འགྲོ་དང་ཁེར་སྡུག་གི་ལམ་ཁ་ནས་ཉིད་ཀྱི་ཐུགས་དགོངས་དང་རང་ཉིད་ཀྱི་གདམས་ཀ་སྟེ་སློབ་སྦྱོང་ཁྱོན་ནས་བོར་མེད། ཨ་མ། དེ་རིང་ང་རང་བྲེལ་འཚུབ་ཁྲོད་ཤོག་ལྷེ་དང་ཀློག་ཀླད་ཀྱི་ལྟེབ་ཁུག་ན་འཚོ་བཞིན་ཡོད། ཨ་མ། ཁྱེད་ཉིད་ཕེབས་ཟིན་ནའང་ང་རང་ཉིད་ཀྱི་བྱམས་བརྩེ་དང་།ཐུགས་བརྩེའི་རིན་ཐང་ཁོ་ནས་གོམ་པ་སྤོ་རུ་འཇུག་གིན་འདུག ཨ་མ། ང་རང་མ་ཤི་བར་ངས་ནམ་ཡང་ཁྱེད་རང་འབོད་ཀྱི་ཡིན། ཁྱེད་རང་ཕེབས་ཁར་ང་ལ་གནང་བ་དེ་མིག་ཆུ་ཕོར་གང་ཡིན་ནའང་། བུ་ངས་ཉིད་ལ་འཛུམས་མདངས་ཀྱིས་ཁ་ཏ་བྱ་འོང་། ཨ་མ། སྔར་བཞིན་བུ་ངར་ཐུགས་ཁྲལ་མ་གནང་། ཨ་མའི་བུས་ཨ་མ་ལ་གུས་ཕྱག་འཚལ་འོང་། དོན་དུ་ཁྱེད་ཀྱིས་ང་རང་བསྐྱུར་ནས་མེད་པ་ཤེས་ཀྱི་ཡོད། ཨ་མ། ང་རང་ཚེ་འདི་འཕོས་ནས་ཡང་སྐྱར་མི་ལུས་ཤིག་ལེན་རྒྱུ་ཡོད་ཚེ་ང་ཁྱེད་ཀྱི་ཨ་མ་རུ་སྐྱེ་པའི་སྨོན་ལམ་འདེབས། བུ་ངས་ཁྱེད་ལ་ཆད་པ་མང་དྲགས་ཤིང་བུ་ཡི་དོན་དུ་མྱངས་བ་མང་དྲག་པས་ཡིན། ཨ་མ། རྒྱུ་འབྲས་ཟེར་བ་སྐྱག་རྫུན་མིན་ན་ང་གཉིས་ཏན་ཏན་འཕྲད་སྲིད། ང་ལ་ཡིད་ཆེས་འདི་འདྲ་ཞིག་ཚམ་ཚོམ་ངང་སྤོབས་སེམས་ཁྲོད་ཡོང་གིན་འདུག ཨ་མ། ང་ནི་ཉིད་ཀྱི་སེམས་ནང་གི་བུ་དེ་ལས་གཞན་གྱི་མིག་ནང་གི་འཁྲབ་སྟོན་པ་དེ་མིན་པ་ཉིད་ཀྱི་བདག་ལ་གནང་བའི་གདམས་པ་བྱིན་ཅན་དེ་ལ་ཉམས་ལེན་གྱིས་འཚོ་བཞིན་ཡོད། ཨ་མ། ཨ་མ། གཅུང་པོའི་སློབ་སྦྱོང་གི་འགྲུབ་འབྲས་ནི་ཕུལ་བྱུང་ཡིན་ལ།… མང་དུ་ཀློག >

མཛད་པ་བཅུ་གཉིས་ལ་སྦྱར་བའི་སྙན་ངག་རྨོངས་པ་ཚ་གདུང་སེལ་བའི་ཧ་རིའི་ལྡེ་གུ།

མཛད་པ་བཅུ་གཉིས་ལ་སྦྱར་བའི་སྙན་ངག་རྨོངས་པ་ཚ་གདུང་སེལ་བའི་ཧ་རིའི་ལྡེ་གུ། དག་སྨྱོན། གདོད་ནས་ཆོས་སྐུ་དག་པའི་ཀློང་དུ་སིམས།། སྟོང་པའི་ངང་ལས་སྣ་ཚོགས་སྒྱུ་འཕྲུལ་གར།། ཆེན་པོ་མཉམ་ཉིད་འོད་གསལ་སྙིང་པོ་རུ།། ལོངས་སྐུ་རྡོ་རྗེ་འཆང་དེ་བརྟན་པར་བཞུགས།། ལུག་རིན་པོ་ཆེ། ལུག་ཚང་དཔལ་ཡོན་གྱི་ཚོགས་གཙོ་ཡེ་ཤེས་བསྟན་འཛིན་ཡིན་ནམ་དྲ་ཐོག་ཏུ་ལུག་རིན་པོ་ཆེ་འབོད་པའི་མི་འདི་ཡིན།

འགྱིག་སྣོད་སྟོང་པས་བསླངས་པའི་ཆག་སྒོ།

འགྱིག་སྣོད་སྟོང་པས་བསླངས་པའི་ཆག་སྒོ། སྒྲོལ་མ། དེ་རིང་ཕྱི་དྲོའི་ཆུ་ཚོད་ལྔ་པའི་གཡས་གཡོན་ཙམ་ལ་གྲོང་ཁྱེར་དབུས་ཀྱི་གཞུང་ལམ་ཁྲོད་ཟིང་ཆ་དེ་ཙམ་ཆེན་པོ་མི་འདུག    དེ་ནི་གཅིག་ནས་འདི་ཁུལ་གྱི་མི་འབོར་དེ་ཚད་ལྡན་གྲོང་ཁྱེར་གྱི་ཚད་དུ་སླེབས་མེད་པས་དང་།  གཉིས་ནས་དུས་ཚོད་འདིའི་སྐབས་གཞུང་ཞབས་མི་སྣ་ཚོ་ལས་མཚམས་བཞག་མེད་པ་མ་ཟད།   སློབ་གྲྭ་ཁག་སློབ་ཚན་གྲོལ་མེད་པས།  སྤྱིར་གཞུང་ལམ་སྟེང་རླངས་འཁོར་འགྲོ་བསྐྱོད་བྱ་མཁན་ཅུང་ཉུང་བར་སྣང་།  མ་གཞི་དེ་རིང་གི་གཞུང་ལམ་ཁྲོད་འཁོར་རིགས་འགྲོ་བསྐྱོད་ཉུང་བ་དེས་གློ་བུར་དུ་བྱུང་བའི་ད་ལྟའི་འགྲིམ་འགྲུལ་ཆག་སྒོ་དེར་ཆ་མཚོན་ན།   ཆོས་ལྡན་ཞིང་ཁམས་ཀྱི་བོད་མི་ཚོའི་ཤོད་རྒྱུན་ལྟར་རླུང་ལྟ་འགྱུར་བ་ཡིན་ནམ།   ཡང་ན་བུ་མོ་དེ་སྔོན་བསགས་ལས་སྨོན་བཟང་པོའི་སྟོབས་ཀྱིས་སྲོག་རྩ་བརྟན་པ་ཞིག་ཡིན།   གང་ལྟར་འགྱིག་སྣོད་སྟོང་པ་ལས་བསླངས་པའི་འགྲིམ་འགྲུལ་ཆག་སྒོ་དེས་བུ་མོ་འདིའི་ཚེ་སྲོག་ལ་གནོད་འཚེ་གཏོང་ཐུབ་མི་འདུག   དེ་ཡང་ཞིབ་པར་ཞུས་ན།    དེ་རིང་ང་རང་ལས་མཚམས་བཞག་པ་དུས་རྒྱུན་ལས་ཅུང་སྔ།   ངས་རླངས་འཁོར་གྱི་ཁ་ལོ་རང་ཉིད་ཀྱི་སྡེ་ཁུལ་ཕྱོགས་སུ་བསྒྱུར་ཏེ་བསྐྱོད་བཞིན་པའི་ལམ་བར།  གློ་བུར་དུ་མདུན་ཕྱོགས་སྨི་བཅུ་ཙམ་གྱི་ས་ན།   གློག་སྒུལ་སྦག་སྦག་བཞོན་པའི་མི་ཞིག་ལམ་འགྲམ་གྱི་ཟུར་དུ་འགྱེལ་བ་མཐོང་བྱུང་།    ངས་ལམ་སེང་རླངས་འཁོར་ལམ་ཟུར་དུ་གཡོལ་བའི་བརྡ་རྟགས་གློག་སྒྲོན་སྤར་ཏེ།   རླངས་འཁོར་གྱི་ཁ་བཀག་ནས་ཡང་སྙིང་གནས་ཚུལ་ཅི་ཞིག་བྱུང་མིན་དང་།  སྦག་སྦག་གཏོང་མཁན་ལ་གོད་ཆག་འདྲ་བྱུང་མིན་སྐད་ཆ་དྲི་བར་འགྲོ་དུས།… མང་དུ་ཀློག >

དྲིན་ཕ་མ་ཉི་ཟླ་རྙེད་མེད་རེད།* སེང་རྡོར།

དྲིན་ཕ་མ་ཉི་ཟླ་རྙེད་མེད་རེད།*   སེང་རྡོར། ངག་རྒྱུན་དུ། དྲིན་ཆེན་ཨ་མ་ཞིག་གིས་ཁོང་གི་མི་ཚེའི་ཕྱེད་ལྷག་ལ་མ་འཕྲད་པའི་བུས་པ་ཉིད་དྲན་དྲགས་ཤིང༌། ཉི་མ་ཞིག་ལ། མགོའི་སྐྲ་རྐང་ཉག་མ་གཅིག་ཤོག་དཀར་ཐ་གང་གི་ལྟེབ་ལ་གཅུད་ཅིང༌། སྟོད་ཉི་མ་ལྷ་ས་ན་གཡེར་ཆེན་ཆོས་ཀྱི་འཁོར་ལོ་སྐོར་བཞིན་པའི་བུ་རྒོད་དེ་ལ་བསྐུར་གནང་མཛད་པ་རེད་ཟེར། བུ་དེས་ཨ་མ་ལགས་ཀྱི་དཀར་པོ་ཆགས་པའི་སྐྲ་རྐང་དེ་གཟིགས་པ་དང་སྦྲགས་སྤྱན་ཆབ་དབང་མེད་དུ་བསིལ་ཅིང༌། སོ་སོའི་མི་ཚེ་ཧྲིལ་པོར་ཨ་མ་ལགས་ལ་ཐེངས་གཅིག་ཀྱང་མ་མཇལ་བར་ཞེ་འགྱོད་ཤས་ཙམ་ཡང་ཡང་དུ་སྐྱེས་སྐད། རྗེས་སོར་ཨ་མ་དེ་ཉིད་སྐུ་གཤེགས་དུས་ཀྱང་ཁོང་མ་བུ་གཉིས་གཏན་ནས་གཏན་དུ་ཞལ་མ་འཕྲད་པར་བཤད། ཁྱོད་ཚོས་མི་ཤེས་ན། བུ་རྒོད་དེ་ནི་གངས་ཅན་མཁས་པའི་གཙུག་རྒྱན་དུ་གྲགས་པའི་ཤར་རྒྱལ་བ་ཙོང་ཁ་པ་མཆོག་རེད། ལུག་རིན་པོ་ཆེ། ལུག་ཚང་དཔལ་ཡོན་གྱི་ཚོགས་གཙོ་ཡེ་ཤེས་བསྟན་འཛིན་ཡིན་ནམ་དྲ་ཐོག་ཏུ་ལུག་རིན་པོ་ཆེ་འབོད་པའི་མི་འདི་ཡིན།

བློ་གྲོས་ཅན་གྱི་གཏམ་ལ་ལེ་ལོ་ཅན་ཚོས་སྡོམ་ཚིག་འགོད་མ་མང་།

བློ་གྲོས་ཅན་གྱི་གཏམ་ལ་ལེ་ལོ་ཅན་ཚོས་སྡོམ་ཚིག་འགོད་མ་མང་། ཚ་བ་མདའ་སྨྱུག་གི་སྐད་ཆ་གསར་པ་གསར་རྐྱང་དང་ད་སྔར་སུས་ཀྱང་བཤད་མ་མྱོང་བའི་གཏམ་གསར་ཁོ་ན་ཡིན་པས་རིན་ཐང་གཞན་དང་མི་འདྲ་བ་ཞིག་ཡོད་ཅེས། དམ་པ་ལྷ་ཆོས་ཏེ། ནང་པའི་རིག་གཞུང་ཀུན་ལ་མཐོང་ཐོས་ཟབ་པའི་རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་དང་། ཡུལ་ཤུལ•ཚེ་རིང་བཀྲ་ཤིས། རྨ་དུག་ལྕེ། དྷི•ལྷ་ལྡན་སོགས་ཀྱིས་མཐོང་ཆེན་དུ་བལྟ་ཡི་མེད་ལ། འཇིག་རྟེན་མི་ཆོས་ཏེ། ལུག་རིན་པོ་ཆེ། ལུག་ཚང་དཔལ་ཡོན་གྱི་ཚོགས་གཙོ་ཡེ་ཤེས་བསྟན་འཛིན་ཡིན་ནམ་དྲ་ཐོག་ཏུ་ལུག་རིན་པོ་ཆེ་འབོད་པའི་མི་འདི་ཡིན།

༈སྡུག་གྲོད་དང་འབྲེལ་ཏེ་ངལ་རྩོལ་དུས་ཆེན་གླེང་བ།

༈སྡུག་གྲོད་དང་འབྲེལ་ཏེ་ངལ་རྩོལ་དུས་ཆེན་གླེང་བ། ལས་ཀ=ལས་དཀའ་༼ཁ་བྱང་གཞན་ཞིག ཁ་བའི་ལང་ཚོ། དབུས་གཙང་པའི་ཡུལ་སྐད་དུ་”སྡུག་གྲོས”ཞེས་པའི་ཐ་སྙད་སྙིང་རྗེ་པོ་ཞིག་ཡོད། དེའི་དོན་ནི་ངས་ཆུང་དུས་སྐབས་ཨ་ཕ་དང་ང་ལྷན་དུ་རི་རྩེར་ཛིམ་བུ་བརྐོ་བར་འགྲོ་དུས་ཤིག་ལ་ངས་ཨ་ཕར་སྡུག་གྲོད་ཅེས་པ་ལ་ཉན་དུས་སྡུག་པོ་གྲོད་པའི་ཆེད་དུ་མྱོང་ཟེར་བ་རེད་དམ་ཅེས་དྲིས་པས། ཨ་ཕ་དགད་དགད་ནས་དེ་འདྲ་ཡིན་པ་རེད་ཟེར་བ་ཞིག་དེ་རིང་ལྷང་དུ་དྲན། ཁ་བའི་ལང་ཚོ།

རྒྱུ་ནོར་དགེ་ཕྱོགས་སུ་གཏོང་ན་གཏོང་ས་ཁྱད་པར་ཡོད།

རྒྱུ་ནོར་དགེ་ཕྱོགས་སུ་གཏོང་ན་གཏོང་ས་ཁྱད་པར་ཡོད། ཞང་ཞུང་ཧྲི་ཙ། བཤད་སྲོལ་ཞིག་ལ།   སངས་རྒྱས་ཀྱི་བསྟན་པ་དར་སྤེལ་གཏོང་རྒྱུ་ནི་སེམས་ཅན་གྱི་བདེ་སྐྱིད་ཁོ་ནའི་ཆེད་དུ་ཡིན་པ་ཆོས་པ་དག་གིས་འགྲེལ་བཤད་རྒྱག་བཞིན་ཡོད་མོད།   དོན་དངོས་དེ་ལྟར་ཡིན་མིན་མི་ཤེས་རུང་།  གང་ལྟར་དེ་ལྟར་ཡིན་རོགས་བྱས་ན་བསམ་པའི་བློ་ཅི་ལ་མི་སྐྱེ།    ལུག་རིན་པོ་ཆེ། ལུག་ཚང་དཔལ་ཡོན་གྱི་ཚོགས་གཙོ་ཡེ་ཤེས་བསྟན་འཛིན་ཡིན་ནམ་དྲ་ཐོག་ཏུ་ལུག་རིན་པོ་ཆེ་འབོད་པའི་མི་འདི་ཡིན།

དཔེ་ཆར་དགའ་བ་དེས་ཅི་ཞིག་མཚོན།

དཔེ་ཆར་དགའ་བ་དེས་ཅི་ཞིག་མཚོན། མེ་སེང་། ང་རང་སྔོན་ཆད་གནས་འདི་གར་བསླེབས་དུས་དཔེ་ཁང་གཅིག་མ་གཏོགས་མེད་མོད། ད་ལྟ་དཔེ་ཁང་བདུན་བརྒྱད་ཙམ་དུ་འཕེལ་ཟིན། ལར་གུས་པ་ནི་རང་ལ་བབས་ཡོད་མེད་ཆ་མ་འཚལ་བའི་ལས་འདི་ལྟ་བུ་དག་ལ་བསམ་བློ་གཏོང་རྒྱུར་ཅུང་དགའ་བོ་ཡོད་ལ། དེར་བརྟེན་ནམ་རྒྱུན་དེས་ཅི་ཞིག་མཚོན་གྱིན་ཡོད་པའི་བསྐོར་ལ་མནོ་བསམ་བཏང་ཁུལ་བྱས་པ་ཡིན། གུས་པར་དེས་ནི་ང་ཚོའང་རྩྭ་སྐྱ་ལ་མེ་མཆེད་པ་ལྟར་རིམ་བཞིན་དཔེ་ཆར་དགའ་མཁན་ཞིག་ཏུ་ཆགས་ཀྱིན་ཡོད་པའི་ཚོར་སྣང་བྱུང་། ལུག་རིན་པོ་ཆེ། ལུག་ཚང་དཔལ་ཡོན་གྱི་ཚོགས་གཙོ་ཡེ་ཤེས་བསྟན་འཛིན་ཡིན་ནམ་དྲ་ཐོག་ཏུ་ལུག་རིན་པོ་ཆེ་འབོད་པའི་མི་འདི་ཡིན།

སློབ་དཔོན་པདྨ་འབྱུང་གནས་ཀྱི་རྣམ་ཐར་བློ་གསར་དགའ་སྟོན།

ཞོལ་འདོད་དཔལ་གྱི་ལྷ་རིས་པས་བྲིས།

༈ སློབ་དཔོན་པདྨ་འབྱུང་གནས་ཀྱི་རྣམ་ཐར་བློ་གསར་དགའ་སྟོན། ཕུར་པའི་ལོ་རྒྱུས་ལས་ཨོ་རྒྱན་རྒྱལ་པོའི་སྲས་ཆུང་བ་དང་། ཇོ་ནང་ཏཱ་ར་ནཱ་ཏས་མཛད་པའི་རྣམ་ཐར་ལས་ཨོ་རྒྱན་གྱི་རྒྱལ་པོ་ཧ་ཡ་ལཱི་ལས་སྲིད་དབང་བཟུང་བའི་དུས་རྒྱལ་རིགས་རིག་པ་སྨྲ་བ་ཨོ་རྒྱན་སྐད་དུ་སྲ་དོ་དང་རྒྱ་གར་སྐད་དུ་སྲིག་དྷ་ར་སྟེ། མེ་ཏོག་ཕྲེང་བ་འཛིན་ཞེས་པའི་སྲས་ཡིན་ཚུལ་བཅས་མངལ་སྐྱེས་སུ་བཤད། གཏེར་མའི་ཕྱོགས་ཕལ་ཆེར་དང་། མདོ་རྒྱུད་རྣམས་སུ་ལུང་གིས་ཟིན་པ་རྫུས་སྐྱེས་མང་བས། སྐབས་འདིར་ལུགས་ཕྱི་མ་ལྟར་མདོར་བསྡུས་ཤིག་བྲི་བར་བྱ། ཨོ་རྒྱན་ཡུལ་(དེང་སང་ཨབ་གྷན་སི་ཐན་ནམ་ཨ་ཧྥུ་ཧན)དུ་ཤར་དང་། ལྷོ། བྱང་གསུམ་དུ་མཚོ་རེ་རེ་ཡོད་པའི་ལྷོ་ཕྱོགས་དྷ་ན་ཀོ་ཤའི་མཚོ་གླིང་དུ་ཤིང་ཕོ་སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུའི་ཉི་ཤར་གྱི་དུས་སུ་མེ་ཏོག་པདྨའི་ནང་བརྫུས་ཏེ་འཁྲུངས། རྒྱལ་པོ་ཨིནྡྲ་བོ་དྷིས་རྒྱ་མཚོ་ནས་ཡིད་བཞིན་ནོར་བུ་བླངས་ཤིང་ཚུར་ལམ་ཡ་མཚན་ཅན་གྱི་ཁྱེའུ་དེ་ཉིད་སྤྱན་དྲངས་མཚོ་སྐྱེས་རྡོ་རྗེ་ཞེས་མཚན་གསོལ་ཏེ་སྲས་སུ་བཟུང་། ཨོ་རྒྱན་རྒྱལ་པོའི་རྒྱལ་སྲིད་ཆོས་བཞིན་བསྐྱངས་ཤིང་མཐར་འཁོར་བའི་བྱ་བ་ཆོས་དང་མི་མཐུན་པར་གཟིགས་ནས་རྒྱལ་སྲིད་སྤོང་བའི་ཕྱིར་རྩེད་མོའི་གར་མཛད་པས་མཚོན་ཤོར་བའི་ཚུལ་གྱིས་བདུད་བློན་གྱི་བུ་བསད་དེ། ལུག་རིན་པོ་ཆེ། ལུག་ཚང་དཔལ་ཡོན་གྱི་ཚོགས་གཙོ་ཡེ་ཤེས་བསྟན་འཛིན་ཡིན་ནམ་དྲ་ཐོག་ཏུ་ལུག་རིན་པོ་ཆེ་འབོད་པའི་མི་འདི་ཡིན།

རང་ཉིད་ཀྱིས་རང་ཉིད་ལ་གདམས་པའི་གནད་བཅུ་གསུམ།

རང་ཉིད་ཀྱིས་རང་ཉིད་ལ་གདམས་པའི་གནད་བཅུ་གསུམ། ལམ་བཟང་པོ། ད་ལྟའི་དུས་སུ་རང་རེ་རྣམས་ལ་མཚོན་ན་སྨྱུ་གུ་འཛིན་ཤེས་ཙམ་དང་སྐད་ཆ་བཤད་ཐུབ་ཙམ་གྱི་ཕལ་ཆེ་བས་མཛུབ་མོ་ལྔ་པོ་གཞན་ཁོ་ནར་གཏད་ནས་སློབ་གསོ་རྒྱག་མཁན་རྐྱང་ཡིན་ན་ཡང་བདག་གིས་ནི་དེ་ལྟར་མ་ནུས་པས་མཛུབ་མོ་ལྔ་པོ་སོ་སོས་སོ་སོར་གཏད་ནས་འདི་ལྟར་གདམ་པར་བྱ། ལུག་རིན་པོ་ཆེ། ལུག་ཚང་དཔལ་ཡོན་གྱི་ཚོགས་གཙོ་ཡེ་ཤེས་བསྟན་འཛིན་ཡིན་ནམ་དྲ་ཐོག་ཏུ་ལུག་རིན་པོ་ཆེ་འབོད་པའི་མི་འདི་ཡིན།

ལྷ་བྲིས།

ལྷ་བྲིས། རྩོམ་པ་པོ། དུང་དཀར་བློ་བཟང་འཕྲིན་ལས། རྩོམ་ཁུངས། 《དུང་དཀར་ཚིག་མཛོད་ཆེན་མོ》 རང་རེའི་བོད་འདིར་གནའ་སྔ་མོ་ལོ་ཉིས་སྟོང་ལྷག་ཙམ་གྱི་སྔོན་ནས་རི་མོ་འབྲི་བའི་ལག་རྩལ་དར་ཡོད་པ་སྟེ།ད་ཡོད་ཀྱི་དཔྱད་གཞིའི་ཡིག་ཆ་ཁག་གཞིར་བཟུང་ན།  སྤྱི་ལོའི་སྔོན་གྱི་ལོ་ཉིས་བརྒྱ་ཙམ་གྱི་དུས་བོད་ཀྱི་རྒྱལ་པོ་དང་པོ་གཉའ་ཁྲི་བཙན་པོ་བྱུང་བ་དང་དེའི་ཕོ་བྲང་ཡུམ་བུ་ལྷ་མཁར་བཞེངས་སྐབས་ལྡེབས་བྲིས་སུ་རྒྱལ་པོ་གཉའ་ཁྲི་བཙན་པོ་རང་ཉིད་མི་བཞིས་གཉའ་བར་ཁྲི་བྱས་ཏེ་བཏེགས་ནས་རྒྱལ་པོར་བསྐོས་ཚུལ་བྲིས་པ་དང་།རྒྱལ་པོ་སྲོང་བཙན་སྒམ་པོས་ལྷ་ས་གཙུག་ལག་ཁང་གསར་བཞེངས་སྐབས་ལྡེབས་བྲིས་སུ་རོ་སྒྲུང་དང་།གབ་ཚིག་གི་སྒྲུང་སྣ་ཚོགས་ཀྱི་རི་མོ་དང་། ལུག་རིན་པོ་ཆེ། ལུག་ཚང་དཔལ་ཡོན་གྱི་ཚོགས་གཙོ་ཡེ་ཤེས་བསྟན་འཛིན་ཡིན་ནམ་དྲ་ཐོག་ཏུ་ལུག་རིན་པོ་ཆེ་འབོད་པའི་མི་འདི་ཡིན།

གྲྭ་པ་ཡག་པོ་མ་བྱུང་ན་ངེས་པར་དུ་གྲྭ་ལོག་ཡག་པོ་ཞིག་བྱུང་དགོས།

གྲྭ་པ་ཡག་པོ་མ་བྱུང་ན་ངེས་པར་དུ་གྲྭ་ལོག་ཡག་པོ་ཞིག་བྱུང་དགོས། རྩོམ་པ་པོ། ལ་གོང་ཞི་ལུ། ཟླུམ་གཟུགས་གོ་ལ་ཧྲིལ་བོའི་ཡངས་སྟེང་འདི་ནས་འགྲོ་བ་མིའི་རིགས་ལ་སྐྱ་སེར་གྱི་ཤོག་ཁག་ཆེན་མོ་གཉིས་བྱུང་ཡོད་པ་དང་། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འོད་སྣང་འཛམ་གླིང་ལ་དར་ཁྱབ་ཆེ་རུ་འཕྲོ་བཞིན་པའི་སྐབས་དང་བསྟུན་ནས། སྤྱིར་ན་འཛམ་བུ་གླིང་དང་དམིགས་བསལ་བོད་ཡུལ་ཆོལ་ཁ་གསུམ་གྱི་ན་གཞོན་ཕོ་མོ་གང་མང་ཞིག་དགོན་སྡེའམ་རབ་བྱུང་པའི་སྡེ་ཁག་ཏུ་ཞུགས་ཏེ་ནང་ཆོས་རིག་གཞུང་ཀྱི་སློབ་གཉེར་པའི་མི་འབོར་ཉིན་རེ་ནས་ཉིན་རེར་དབྱར་དུས་ཀྱི་མེ་ཏོག་བཞིན་དུ་རྣམ་གྲངས་ཇེ་མང་དུ་འགྲོ་བཞིན་ཡོད། རབ་བྱུང་པའི་གྲྭལ་མཐའ་ན་འཁོད་པའི་བསམ་ཤེས་ཡོད་མེད་ཀྱི་མི་བུ་ཆེ་འབྲིང་ཆུང་གསུམ་པོ་དེ་ཚོ་ཡང་འགའ་ཤས་བསམ་ཤེས་མེད་པའི་བྱིས་དུས་སུ་ཕ་མས་དགོན་འདབ་ཏུ་སྐྱེལ་བ་ཙམ་དང་། ལུག་རིན་པོ་ཆེ། ལུག་ཚང་དཔལ་ཡོན་གྱི་ཚོགས་གཙོ་ཡེ་ཤེས་བསྟན་འཛིན་ཡིན་ནམ་དྲ་ཐོག་ཏུ་ལུག་རིན་པོ་ཆེ་འབོད་པའི་མི་འདི་ཡིན།

མུན་ནག་གསེབ་ཀྱི་ལྷ།

573622244791485819

མུན་ནག་གསེབ་ཀྱི་ལྷ། སྡེ་དགེ་བ་ཉི་མ་དཔལ་བཟང་། རང་གི་རྣམ་རྟོག་ལ་ཕྱག་འཚལ་ལོ།། ལུང་རིགས་སྟོང་ཕྲག་ཁ་འཐབ་ཀྱིས།། རྫུན་སྐམ་སྐེ་རིང་ལྷང་ལ་ཕུད།། བདེན་སྐྱོར་རྒྱབ་ཆད་འཛུམ་དང་ཕྲལ།། ཤུགས་རིང་ནར་མོས་ཕ་ཁྱིམ་བཀང་།། འཆི་མེད་རྫིང་བུའི་རླངས་སྤྲིན་དཀར་ཕྲེང་ལྷུག་པའི་འདབ་གཤོག་གཡང་དུ་བརྩེགས།། ཤེས་རིག་མེ་ཏོག་ཀུན་རྩེན་རྣམ་རིག་རླུང་གི་བང་ཁ་མྱུར་མགྱོགས་ཅན།། གང་ཞིག་སྐྱེས་ཀུན་བདེན་པའི་ལྷ་ཞིག་འཛུམ་དཀར་དཀྲིགས་པའི་ཡོ་ལོང་བརྒྱབ།། དགོས་དགུའི་ལོངས་སྤྱོད་ཆར་དུ་བསྙིལ་སྙམ་རྣམ་རྟོག་དཀར་དམར་ལོག་ལམ་འཕྱན།། ལུག་རིན་པོ་ཆེ། ལུག་ཚང་དཔལ་ཡོན་གྱི་ཚོགས་གཙོ་ཡེ་ཤེས་བསྟན་འཛིན་ཡིན་ནམ་དྲ་ཐོག་ཏུ་ལུག་རིན་པོ་ཆེ་འབོད་པའི་མི་འདི་ཡིན།

རྒྱུ་ནོར་དགེ་ཕྱོགས་སུ་གཏོང་ན་གཏོང་ས་ཁྱད་པར་ཡོད།

རྒྱུ་ནོར་དགེ་ཕྱོགས་སུ་གཏོང་ན་གཏོང་ས་ཁྱད་པར་ཡོད། ཞང་ཞུང་ཧྲི་ཙ། བཤད་སྲོལ་ཞིག་ལ།   སངས་རྒྱས་ཀྱི་བསྟན་པ་དར་སྤེལ་གཏོང་རྒྱུ་ནི་སེམས་ཅན་གྱི་བདེ་སྐྱིད་ཁོ་ནའི་ཆེད་དུ་ཡིན་པ་ཆོས་པ་དག་གིས་འགྲེལ་བཤད་རྒྱག་བཞིན་ཡོད་མོད། ལུག་རིན་པོ་ཆེ། ལུག་ཚང་དཔལ་ཡོན་གྱི་ཚོགས་གཙོ་ཡེ་ཤེས་བསྟན་འཛིན་ཡིན་ནམ་དྲ་ཐོག་ཏུ་ལུག་རིན་པོ་ཆེ་འབོད་པའི་མི་འདི་ཡིན།

སློབ་གླིང་འགྲིམ་པའི་མཐོང་ཐོས་དང་སེམས་ཁྲལ།

222006

སློབ་གླིང་འགྲིམ་པའི་མཐོང་ཐོས་དང་སེམས་ཁྲལ། གངས་རིའི་བུ་མོ། དེང་སང་རང་རེ་བོད་པའི་ཁོར་ཡུག་ནས་རང་མི་རིགས་ལ་ཤ་ཞེན་ཡོད་པའི་སྐྱ་སེར་ཚང་མས། མཐོ་འབྲིང་དང་སློབ་ཆེན་སློབ་མ་མང་ཆེ་བར་རང་མི་རིགས་ལ་ཤ་ཞེན་མེད་ཚུལ་གང་མང་མང་ཞིག་འཆད་བཞིན་འདུག་ལ། དེ་ནི་བདེན་པ་ཡང་ཡིན་པར་སྙམ། དེ་བས་གནད་དོན་དེའི་སྐོར་ལ་རང་ཉིད་སློབ་གླིང་འགྲིམ་པའི་མྱོང་ཚོར་རམ་མཐོང་ཐོས་དང་སྦྲགས་ནས་ཅུང་ཙམ་གླེང་ན་འདོད་དེ། བོད་པའི་སློབ་མ་ཡོངས་དང་ལྷག་པར་དུ་རང་དང་ན་མཉམ་གྱི་མཐོ་འབྲིང་དང་སློབ་ཆེན་གྱི་སློབ་མ་དག་གིས་བསམ་གཞིག་རེ་གནང་བར་མཁྱེན། འགྲིག་མིན་གྱི་སྐོར་ལ་ཡོངས་ཀྱིས་དཔྱད་བརྗོད་རེ་གནང་ནའང་ཅིའི་ཕྱིར་མི་ཆོག་སྟེ་ཆོག་གོ། བོད་པའི་ན་གཞོན་དག་ནི་བོད་པའི་མ་འོངས་པའི་བདག་པོ་རེད། དེ་ནི་ཁ་ཕོ་ཡི་ཚིག་ཅིག་མ་རེད་ལ། ངོ་བསྟོད་བྱེད་པའི་ཚིག་ཅིག་ནི་དེ་བས་ཀྱང་མ་རེད། དེ་ནི་དོན་དངོས་ཀྱི་གནས་ཚུལ་ངོ་མ་ཞིག་རེད་ལ། རང་རེའི་མི་རིགས་ས་སྒང་རིལ་བོ་འདིའི་སྟེང་ལ་གསོན་དང་མི་གསོན་གཙོ་བོ་ང་ཚོ་སྟེ་ན་གཞོན་དག་ལ་ཐུག་ཡོད་པ་རེད། དེ་བས་འདས་སོང་གི་ལོ་རྒྱུས་དང་ད་ལྟའི་གནས་ཚུལ་གང་ལ་བསམ་ཡང་བོད་པའི་ན་གཞོན་དག་ནི་མི་རིགས་གཞན་གྱི་ན་གཞོན་དག་ལས་ལྷག་པའི་བརྗིད་ཏིག་ཏིག་གི་འོས་འགན་ཞིག་ཡོད་པར་སྨོས་མེད་རེད། ལུག་རིན་པོ་ཆེ། ལུག་ཚང་དཔལ་ཡོན་གྱི་ཚོགས་གཙོ་ཡེ་ཤེས་བསྟན་འཛིན་ཡིན་ནམ་དྲ་ཐོག་ཏུ་ལུག་རིན་པོ་ཆེ་འབོད་པའི་མི་འདི་ཡིན།

སེང་རྡོར་ཞེས་པའི་ཆོས་མེད་རྟོག་གེ་བ་དེའི་ངོ་གདོང་ལ་གཅེར་ལྟ་བྱས་པ།

སེང་རྡོར་ཞེས་པའི་ཆོས་མེད་རྟོག་གེ་བ་དེའི་ངོ་གདོང་ལ་གཅེར་ལྟ་བྱས་པ། ___རུང་བསྟུན། སྤྱིར་མི་བུ་སུ་ཞིག་ཡིན་རུང་སྐྱོན་ཡོན་གྱི་ལེགས་ཉེས་གཉིས་དང་མ་འདྲེས་པ་ཞིག་ག་ལ་སྲིད།དེའི་ཕྱིར་ངོས་ནས་ཀྱང་སེང་རྡོར་ལ་ཡོན་ཏན་སྣ་གཅིག་མེད་པའི་མི་ཧྲིང་སྲང་མྱུལ་བ་ཞིག་ཏུ་བརྩི་རྐྱང་བྱེད་པར་ག་ལ་རུང་།འདི་ནས་ངས་སེང་རྡོར་གླེང་ཚུལ་དེ་ཡང་གཙོ་བོ་ཁོས་བྲིས་པའི་ལོག་རྩོམ་དེ་དག་ཕྱོགས་སྔར་འདོན་གྱིན་མེད་ལ།ཁོ་བོའི་མི་གཤིས་དང་ལང་ཕྱོགས་ལ་ལྟ་ཚུལ་བཟུང་བའི་སྒེར་ངོས་ཀྱི་བསམ་ཚུལ་འགའ་ཞིག་གཅེར་འདོན་བྱེད་འདོད་པར་དེ་ཡིན། ལུག་རིན་པོ་ཆེ། ལུག་ཚང་དཔལ་ཡོན་གྱི་ཚོགས་གཙོ་ཡེ་ཤེས་བསྟན་འཛིན་ཡིན་ནམ་དྲ་ཐོག་ཏུ་ལུག་རིན་པོ་ཆེ་འབོད་པའི་མི་འདི་ཡིན།

དཔེ་ཀློག་དང་འབྲེལ་བའི་གཏམ། —འཛམ་གླིང་དཔེ་ཀློག་ཉིན་མོར་ཕུལ།

༼རྩོམ་པ་པོ།གངས་གཡག་དཔལ་ལྷུན།༽ དཔེ་དེབ་ནི་མིའི་རིགས་ཀྱི་ཤེས་བྱ་དང་རིག་གནས་ཀྱི་མ་ལག་ཅིག་ཡིན་ལ། དེ་ནི་མིའི་རིགས་ཀྱི་བློ་གྲོས་ཀྱི་སྙིང་བཅུད་ཀྱང་ཡིན། བློ་མཐུན་ཀོར་ཅིས་ཀྱང”དཔེ་དེབ་ནི་མིའི་རིགས་ཡར་ཐོན་འགྲོ་བའི་སྐས་འཛེག”ཡིན་ཞེས་པ་ལྟར་དཔེ་ཆ་ནི་མིའི་རིགས་ཡར་རྒྱས་དང་སྔོན་ཐོན་ལ་ཕྱོགས་པའི་འགུལ་ཤུགས་གཙོ་བོ་ཞིག་ཀྱང་ཡིན། དཔེ་དེབ་ཀྱིས་དུས་ཚོད་དང་བར་ཁམས་ཀྱི་འཁོར་རྒྱ་ལས་བརྒལ་ཏེ། དུས་རབས་མི་གཅིག་པ་དང་ས་ཡུལ་མི་གཅིག་པའི་ཤེས་བྱ་དང་རིག་གནས་རྒྱུད་སྒྲོག་བྱ་ཐུབ། གཅིག དཔེ་དེབ་ནི་མིའི་རིགས་ཡར་ཐོན་འགྲོ་བའི་སྐས་འཛེག་ལྟ་བུ་ཡིན་ན། ང་ཚོས་ཅིས་ནས་ཡར་རྒྱས་དང་སྔོན་ཐོན་གྱི་སྐས་འཛེག་ཕྱོགས་སུ་གོམ་ཁ་བསྒྱུར་རྒྱུ་ནི་བཟློག་ཏུ་མེད་པའི་ལམ་བུ་ཞིག་ཡིན་ལ། སྐས་འཛེག་དེ་ལས་སྒམ་དཀྱེལ་དང་བརྩེ་བ། གཞུང་དྲང་དང་འདྲ་མཉམ་བཅས་ཀྱི་ངང་ནས་ཤེས་བྱ་སྣ་མང་ལ་བརྩོན་པར་བྱས་ཏེ། འཛམ་གླིང་ཞི་བདེ་དང་མཐུན་འབྱོར་གྱི་ཕྱོགས་སུ་སྙེགས་རྒྱུ་ནི་ང་ཚོའི་དམིགས་ཡུལ་ཡིན། དེས་ན་དཔེ་ཀློག་ནི་མིའི་རིགས་ཀྱིས་ཤེས་བྱ་དང་གནས་ཚུལ་ཚུར་ལེན་བྱེད་པའི་ཐབས་ཤེས་གལ་ཆེན་ཞིག་ཡིན་ལ། དེ་ནི་མིའི་རིགས་ཡར་ཐོན་ལ་ཕྱོགས་པའི་བརྒྱུད་ལམ་དམིགས་བསལ་བ་ཞིག་ཀྱང་ཡིན། ད་ལྟ་མི་ཚོགས་འདུ་བའི་ཇ་ཁང་དང་སློབ་གྲྭ དཔེ་མཛོད་ཁང་སོགས་སུ་དཔེ་དེབ་དང་དཔེ་ཀློག་སྐོར་ལ་དོ་སྣང་གནང་མཁན་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་ལ། དཔེ་ཀློག་དང་འབྲེལ་བའི་གཏམ་གླེང་ཡང་སྣ་ཚོགས་ཤིག་ངེད་ཚོའི་རྣ་བར་ཐོས་ཀྱིན་ཡོད། འགའ་རེས་ཟེར་ན་དཔེ་དེབ་བལྟ་དགོས་ན་ངེད་པར་དུ་ཚན་རིག་དང་འབྲེལ་བའི་གྲགས་རྩོམ་ལྟ་དགོས་པ་ལས། གང་བྱུང་གི་དཔེ་དེབ་བལྟས་ན་རིག་པ་འཆོལ་ཉེན་ཡོད་ཟེར། འགའ་རེས་ནི་དཔེ་དེབ་གང་ཞིག་ཀློག་ཀྱང་གཙོ་བོ་རང་གི་བསམ་པའི་མོས་པ་དང་མཐུན་པ་ཞིག་དགོས་ཟེར། ཡང་འགའ་རེས་ནི་རིག་པའི་གཞུང་ལུགས་ཀྱི་དཔེ་དེབ་ལྟ་ཀློག་བྱ་རྒྱུ་མེད། དེས་ནི་ངེད་ཚོར་ལམ་གཅིག་ཁོ་ན་ལས་མི་བསྟན་པས། ཡར་རྒྱས་མི་ཡོང་ཟེར། གཞན་ཡང་ཉིན་ལྟར་མགོ་བོ་དེབ་སྟེང་གཡེངས་བ་ལས། ལས་ཀ་ཅུང་བྱ་ཐུབ་ན་ལེགས། དེབ་ཀྱིས་མི་ཚེ་སྐྱེལ་རོགས་ནི་བྱེད་མི་ཐུབ་ལ་སོགས་པའི་གཏམ་གླེང་སྣ་ཚོགས་ཡོད། འོན་ཏེ་ངེད་ཚོས་དཔེ་དེབ་གང་ཞིག་བལྟས་ན་འཚོ་བ་དངོས་ཀྱི་སྣང་ཚུལ་གསལ་མཚོན་བྱེད་མིན་དང་གང་ཞིག་མ་བལྟས་ན་འཚོ་བ་དངོས་དང་མཐུན་མིན་གྱི་སྐད་ཆ་སྐད་ཆ་དག་ལས། རང་གིས་བློ་རིག་པས་དཔྱད་ཞིབ་དང་དབྱེ་ཞིབ་བྱས་ཏེ། རང་གི་བློ་དང་འཚམས་པའི་དཔེ་དེབ་ཅིག་བལྟ་ཐུབ་ན་ལེགས་པར་སེམས། དཔེ་ཀློག་བྱ་རྒྱུ་ནི་ཁྲོམ་ར་ནས་རྔན་པ་ཉོས་པ་ལྟར་ལས་སླ་བ་ཞིག་མ་ཡིན་ལ།… མང་དུ་ཀློག >

བོད་སྨན་རྫུན་མའི་སྐོར་ནས་གོ་བརྡ་ཞིག་སྤྲད་པ།

—དགེ་མཆོག དེང་སང་ལྷ་ས་ནས་བོད་སྨན་རྫུན་མ་ཞིག་དོན་སོང་ཟེར་ནས་གསལ་འགྱུར་ཞིག་སྤེལ་བ་ལ་བརྟེན་བོད་པ་མང་པོ་འུར་འདྲོགས་བྱེད་ཅིང་འདུག །དེ་ལ་དེ་ཙམ་ཧ་ལས་དགོས་པ་ཅི་ཡོད། དེ་སང་ནི་ཚང་མ་རྫུན་མ་དང་རྫུན་མའི་དུས་རབས་མིན་ནམ། ཡང་བཤད་ན་འདི་རྫུན་མ་རེད་ཟེར་བ་ནི་སྲིད་གཞུང་ནས་འགྲོ་ལུགས་གཉེར་མི་འདུག་ཟེར་བ་ལས་གཞན་དཔང་པོ་གསལ་ཁ་ཅན་གང་ཡང་བསྟན་མི་འདུག ། དགེ་མཆོག རང་ཉིད་ཀྱིས་བཤད་བསམ་པའི་སྐད་ཆ་དག་ཕྱི་མའི་ཡུལ་དུ་འཁྱེར་རྒྱུ་ལུས་ན་ཤིན་ཏུ་ཕངས་ཨང་།

འབྲོང་གི་ཐལ་ལྕགས་ཞུས་པ།

image

࿐འབྲོང་གི་ཐལ་ལྕགས་ཞུས་པ། གཙང • འབྲོང་སྙུག ཕྱོགས་ཞེན་ཆིག་རྐྱང་ཞིག་གི་ཕུག་པོ་ན། ། ཡན་གར་ལུགས་གཉིས་འབྲེལ་བའི་ས་ཁྲ་ཞིག ། རྟོག་ལྡན་རྒོད་པོ་ཞིག་གིས་རིག་ཙ་ན། ། ཁོག་སྟོང་རུལ་དྲི་འཁྱེར་བའི་དྲི་ཞིག་ཡོད། ། གནས་ལུགས་མི་མཐུན་ཞེན་པའི་བཏུང་བས་སྟོབས། ། མཛེས་ཆོས་སྒེག་ཆོས་འོད་ཟེར་འཚེར་འགྱུར་ཀྱང་། ། བྱ་རྒོད་ཤོག་བརྩལ་ངོམ་པའི་མཁའ་ཀློང་དག ། གྱུར་ཡང་མི་འགྱུར་འཁོར་ཡང་ག་ལ་སྲིད། ། མཆོད་མཆོད་ཕོ་ལྷ་གསོལ་བའི་གར་སྟབས་ཀྱིས། ། སྔོ་ལྗང་མྱུ་གུ་འཁྲུངས་སའི་ཞིང་མ་བྱུང་། ། ལྐུགས་པའི་ངོ་སྤག་གཡར་ནས་ཚེ་འདའ་དུས། ། ལྐུགས་པའི་ངོ་བོར་འཛིན་པ་བློ་ཕམ་ཆེ། ། སྔ་ཕྱི་བར་གསུམ་བརྟག་དཔྱད་སྡེ་དེར་བྱས། །… མང་དུ་ཀློག >

ཕྱིར་རྟོག་ཡིད་ཀྱི་ཟེགས་མ།

ཕྱིར་རྟོག་ཡིད་ཀྱི་ཟེགས་མ། གཙང • འབྲོང་སྙུག བཞུད་སོང་བའི་ཀྱག་ཀྱོག་གི་འཚོ་བ་ཞིག་དང་། འདས་ཟིན་པའི་ལོ་ཟླ་ལ་ཕྱིར་རྟོག་ཅིག་བྱེད་ཀྱིན། ངས་དྲན་པ་ནི་ཁ་བའི་མེ་ཏོག་དང་ལོ་རྒྱུས་ཀྱི་དཔང་རྟགས་ཀྱི་རྡོ་རིང་དེ་ཡིན། ཨེ་མ། སྤྲིན་རུམ་ནས་གྲགས་བཞིན་པ་ནི་མེས་པོའི་རྣམ་ཤེས་ཀྱི་ངུ་སྒྲ་དེ་རེད་ལ། བརྗིད་ཉམས་ཀྱི་འགྱིང་བའི་གངས་རིའི་ལྟོ་སྐད་དང་། དམྱལ་ཁམས་འདྲ་བའི་མི་ཡུལ་གྱི་བདག་པོའི་སྡུག་སྐད་ཀྱང་རེད། དྲོད་བཞིན་འཇམ་པའི་ཉི་འོད་ཀྱི་གོས་འདི་ག་ཚོད་ཆེ་ནའང་ལུས་ནི་གྲང་མོ་འབའ་ཞིག་དང་། བསིལ་རླུང་འདི་ངར་ཤུགས་ཆུང་ཡང་སྒེའུ་ཁུང་ནང་བཙན་གྱིས་འཛུལ་ནས། ངེད་ཚོར་སྡུན་བསྔལ་གྱི་ཁུར་བོ་ཡང་བསྐྱར་ཁུར་དུ་བཅུགས། ད་དུང་་་ ༢༠༡༦ ༣ ༡༩ ཉིན་རང་ཤག་རྟོགས་སད་ལྡིང་ཁང་ནས། གཙང•འབྲོང་སྙུག

གྲུབ་ཆེན་ཐང་སྟོང་རྒྱལ་པོའི་མཛད་རྣམ་ཉུང་བསྡུས་བློ་གསར་ཡིད་ཀྱི་དགའ་སྟོན།

གྲུབ་ཆེན་ཐང་སྟོང་རྒྱལ་པོའི་མཛད་རྣམ་ཉུང་བསྡུས་བློ་གསར་ཡིད་ཀྱི་དགའ་སྟོན།                                                          … མང་དུ་ཀློག >

དེ་སྔོན་དབུ་མ་འཛིན་གྲྭའི་བགྲོ་གླེང་སྐབས་ཤིག་ལ་ངས་འདི་ལྟར་བཤད་མྱོང་།

དེ་སྔོན་དབུ་མ་འཛིན་གྲྭའི་བགྲོ་གླེང་སྐབས་ཤིག་ལ་ངས་འདི་ལྟར་བཤད་མྱོང་། ད་དེའི་ཐོག་ལ་བཤད་རྒྱུ་གང་སེ་མིན་འདུག ཡིན་ན་ཡང་ཅུང་ཙམ་ཞིག་བསམ་གཞིག་གིས་ཚུལ་དུ་ཞུས་ན། དང་པོར་ད་ལྟ་སྔོན་དུ་འགའ་རེ་ཞིག་གིས་དུས་ཚོད་མི་འདང་བའི་གནས་ཚུལ་ཐོན་གྱིན་འདུག་གསུངས་སོང་། དེ་ཡང་ཕལ་ཆེར་ཁོང་ཚོས་དུས་ཚོད་སྤྱོད་མི་ཤེས་པའི་རྟགས་ཡིན་གྱིན་རེད། གང་ཡིན་ཟེར་ན། དེ་ཡང་། མཚོ་སྨད་གཅེར། མཚོ།

࿐ལས་དེ་ཅི་ལགས།

བུ་རང་སྣངྒིས། རྒན་ཕ་མས་རང་ཕྲུག་འབྱུང་སྤུས་དེ་གསོ་ཞིང་། གཞོན་ཕྲུ་གུས་བསྙེན་བཀུར་རྣམ་དག་ཅིག་སྒྲུབ་པ། བཟློག་དཀའ་བའི་མི་ཆོས་གཤའ་མ་ཞིག་ཡིན་ཀྱང་། ལས་རྒྱུ་འབྲས་མི་བརྩི་རང་ཤེད་དེ་འཛིན་པའི། མི་ཀླ་ཀློའི་རྩིང་སྤྱོད་ས་རྡུལ་བཞིན་ཕྱུར་བའི། ཞེ་མེར་བའི་བྱེད་སྟངས་ཐ་ངན་དེ་ཅི་ལགས། དཔྱིད་དཔལ་ཡོན་ནོར་འཛིན་ཁྱོན་ཡངས་སུ་བདལ་ཅིང་། དགུན་དགྲ་བོས་སྐྱེས་དངོས་རྨིག་མེད་དུ་བཅོམ་པ། བཟློག་དཀའ་བའི་དངོས་པོའི་ངོ་རིག་ཏུ་སྣང་ཡང་། དུས་ད་ལོ་མཐོ་སྒང་ཕ་ས་ཡི་གཞི་འདིར། དབྱར་ར་བ་ཟིན་ཀྱང་གྲང་ངར་དང་རླུང་འཚུབ། ཟིང་ལོང་ལོང་བྱེད་པའི་སྡུག་གནམ་དེ་འདི་ཅི་ལགས། ཆོས་རྣལ་མས་ཐར་པའི་ལམ་སྣ་དེ་ཟིན་ཅིང་། ལས་སྡིག་པས་རྣམ་ཤེས་ངན་སོང་དུ་བསྐྲད་པ། བཟློག་དཀའ་བའི་རྟེན་འབྲེལ་ངོ་བོ་རུ་གྲུབ་ཀྱང་། དུས་དེང་སང་ལུགས་གཉིས་གཞུང་ལུགས་ལ་མཁས་པའི། མི་ཆོས་དྲེད་དེ་ཚོའི་ལས་ངན་དེ་འབུ་བཞིན། ས་གང་སར་མཐོང་ཆོས་འགྱུར་བ་འདི་ཅི་ལགས། ང་མི་ཡུལ་འདི་རུ་ཁེར་རྐྱང་དུ་འོང་ལ། སླར་མི་ཡུལ་འདི་ནས་སྒྲེན་མོ་རུ་འབུད་པ། བཟློག་དཀའ་བའི་དངོས་པའི་ཆོས་ཉིད་དུ་འཁུམས་ཀྱང་། ང་གསོན་པོར་འཚོ་བའི་དུས་ཚོད་ཀྱི་ནང་ལ། རོགས་ཟླ་མེད་སྦྱར་སྡོང་རྐང་གཅིག་བཞིན་འཚོ་བ། ལས་ཇི་ལྟར་བསགས་པའི་རྣམ་སྨིན་ཞིག་ལགས་སམ། རང་སྣང་བཀྲ་ཤིས་སྟོབས་རྒྱལ།

࿐མི་རྟག་པའི་དྲན་གླུ།

བུ་རང་སྣངྒིས། ལོ་འཁོར་མོ་ཡུག་གི་དུས་ཚིགས་ལས། དཔྱིད་དཔལ་ཡོན་ས་འདིར་བཞད་པའི་ཚེ། སྐྱེས་སྔོ་ལྗང་ཚོགས་རྣམས་འདབ་བརྒྱ་གྲོལ། ས་འཛམ་གླིང་ཁྱོན་ཀུན་བདེ་བས་མྱོས། དེ་མི་རྟག་རྩ་རྩེའི་ཟིལ་པ་འདྲ། དུས་རིང་པོར་མི་གནས་ཡལ་ཏེ་འགྲོ། སྐྱ་ཐེར་ཐེར་ནོར་འཛིན་ཁ་བས་གཡོགས། སྐྱེས་འགྲོ་བའི་སེམས་ལ་སྡུག་གིས་གཙེས། ཁྱིམ་སྡོད་ཁང་ཐོག་བརྩེགས་ར་སྐོར་ཅན། ཁྲ་ཆིལ་ཆིལ་ལྟ་ན་སྡུག་པའི་ཚེ། ཆུང་བུ་ཕྲུག་སེམས་ཁམས་སྐྱིད་ཅིག་གདའ། མིའི་ཡིད་སྨོན་ཁ་མཆུ་འཛར་འཛར་བྱེད། དེ་མི་རྟག་རྩ་རྩེའི་ཟིལ་པ་འདྲ། ཚོས་བཀྲག་མདངས་ཤོར་ཅིང་ཐིག་རལ་ཉིལ། ཕ་བཟའ་ཡོན་མི་རྟག་ངོ་བོས་ཟིན། ཆོ་སྨྲེ་ངག་འདོན་པ་ཀྱེ་མ་ཧུད། མགོན་ཐུབ་པའི་མཛད་ཆེན་བཅུ་གཉིས་ལས། དུས་ས་གར་ཚོགས་བསགས་བསོད་ནམས་ཀྱིས། མི་རྒན་གཞོན་ཐམས་ཅད་སྡིག་སྦྱོང་དང་། ཕྱག་སྐོར་སོགས་དགེ་རྩར་ངང་གིས་བཞུགས། དེ་མི་རྟག་རྩ་རྩེའི་ཟིལ་པ་འདྲ། ཟླ་བཞི་པ་མན་ལ་དུག་གསུམ་གཡོས། ལས་རྒྱུ་འབྲས་མི་བརྩི་གཞན་ལ་འཚེ། རང་གཅེས་འཛིན་ཁོ་ནས་སང་ལོར་རེ། རང་སྣང་བཀྲ་ཤིས་སྟོབས་རྒྱལ།

བུ་མོར་དགའ་མཁན་ནི་ང་གཅིག་པུ་ག་ནས་ཡིན།

བུ་མོར་དགའ་མཁན་ནི་ང་གཅིག་པུ་ག་ནས་ཡིན། སྒྲོལ་མ། གླེང་སློང་བ། ལོ་ཏོག་ལ་འབྲས་བུ་བཟང་པོ་འཐོབ་དགོས་ན།  དཔྱིད་དུས་སོ་ནམ་གྱི་ལས་ལ་འབད་དགོས་པ་བཞིན་མི་ཞིག་ཚད་ལྡན་དུ་གསོ་སྐྱོང་བྱ་དགོས་ཚེ།  དེའི་བྱིས་པའི་དུས་ཀྱི་སྐྱེད་སྲིང་དང་སློབ་གསོར་རག་ལུས་ཡོད།  སྔར་ནས་ད་བར་ཁྱིམ་ཚང་ཞིག་དང་།  མི་རིགས་ཤིག  སྤྱི་ཚོགས་ཤིག   ཐ་ན་རྒྱལ་ཁབ་ཅིག་གི་དར་རྒུད་ནི་སློབ་གསོར་རག་ལུས་ཤིང་།  སློབ་གསོ་ནི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དབང་དང་དམ་དུ་འབྲེལ་ཡོད་པས། མི་རིགས་ཤིག་འཕེལ་རྒྱས་ཀྱི་ལམ་དུ་འགྲོ་དགོས་ན།  རྨང་གཞིའི་སློབ་གསོ་བརྟན་པོ་ཞིག་དང་ཡང་དག་གི་ཐབས་ལམ་ཞིག་དགོས་རྒྱུ་ནི་གནད་ཀྱི་དམ་པར་མཐོང་།  སློབ་གསོ་ལ་དབྱེ་ན་རིགས་ཤིན་ཏུ་མང་ན་ཡང་ཆེས་ཐོག་མའི་སློབ་གསོའམ་སློབ་གསོ་སྤྱིའི་མ་མ་ནི་ཁྱིམ་ཚང་གི་སློབ་གསོ་ལས་མ་འདས་ཏེ།  ཕ་མ་ནི་བྱིས་པའི་དགེ་རྒན་ཐོག་མ་དང་།  ཁྱིམ་ཚང་ནི་བྱིས་པའི་སློབ་གྲྭ་ཨང་དང་པོ།  ཁྱིམ་མི་ནི་བྱིས་པས་འབྲེལ་འདྲིས་བྱེད་པའི་སྤྱི་ཚོགས་ཀྱི་ཁོངས་མི་དང་པོ་དེ་ཡིན་པའི་ཕྱིར།  ང་རང་ནི་གཅིག་ནས་སློབ་ཆུང་གི་དགེ་རྒན་དང་།  གཉིས་ནས་ཁྱིམ་འཛིན་གྱི་ཨ་མ་ཞིག་ཡིན་པས་དུས་རྟག་ཏུ་བུ་སྐྱོང་གི་ཐབས་ལམ་ལ་བརྟག་དཔྱད་དང་འཚོལ་ཞིབ་བྱ་རྒྱུ་དེ་ལས་ཀའི་གཙོ་གནད་དུ་འཇོག་བཞིན་ཡོད།   གང་ལགས་ཤེ་ན།  བུ་ཕྲུག་བཟང་པོ་ཞིག་སྐྱོང་ཐུབ་ན།  དེ་ནི་ཁྱིམ་ཚང་ཞིག་གི་ཆེས་བླ་ན་མེད་པའི་གྲུབ་འབྲས་ཤིག་རེད་ལ།  མི་རིགས་དང་།  སྤྱི་ཚོགས།  ཐ་ན་རྒྱལ་ཁབ་ལ་ཕུལ་བའི་ལེགས་སྐྱེས་ཀྱང་རེད།  བུ་ཕྲུག་ཚད་ལྡན་ཞིག་གསོ་སྐྱོང་བྱ་རྒྱུ་ནི་ཕ་མའི་ལག་ཏུ་ཡོད་ཅིང་།  དེ་བས་ཨ་མའི་ལག་ཏུ་ཡོད་པར་སྙམ།  ཕ་མ་སུ་འདྲ་ཞིག་ཡིན་རུང་རང་ཉིད་ཀྱི་བུ་ཕྲུག་སྤྱི་ཚོགས་ཐོག་ཕན་མེད་ཟོག་རོ་ཞིག་ཏུ་གྱུར་བསམ་པ་གཅིག་ཀྱང་ཡོག་མ་རེད་ཅེས་ཁ་ཚོན་བཅད་ན་ཆོག  མཚམས་འདིར།  གནམ་འོག་ཕ་མ་ཚོར་བུ་སྐྱོང་ལམ་བུའི་ཐད་ཕན་པ་ཅུང་ཟད་བསྐྲུན་ཐུབ་ན་སྙམ་པའི་ལྷག་བསམ་དག་པའི་ཀུན་སློང་ཞིག་གིས་བསྐུལ་ཏེ་རང་ཉིད་ཀྱི་བུ་སྐྱོང་ཐབས་ལམ་ལས… མང་དུ་ཀློག >

࿑ 4:23 ནི་འཛམ་གླིང་དཔེ་ཀློག་གི་ཉིན་མོར།

བུ་རང་སྣངྒིས། དཔེ་དེབ། ཁྱེད་ནི་འདས་ཟིན་པའི་དྲིན་ཅན་མེས་པོའི་ཤེས་རབ་ཀྱི་ཉིང་ཁུ་དང་། ད་ལྟའི་གང་ཟག་རྣམས་ཀྱི་རྨོངས་མུན་སེལ་བྱེད་ཀྱི་སྒྲོན་མ་ཡིན་ལ། མ་འོངས་འཛམ་གླིང་ཡར་རྒྱས་འཕེལ་འགྱུར་གྱི་ཕྱོཌ་སྟོན་པ་དེ་བས་ཡིན། དཔེ་དེབ། ཁྱེད་ནི་མེས་རྒྱལ་སྟོབས་འབྱོར་གྱི་ལམ་དུ་འཇུག་པའི་དན་རྟགས་དང་། མི་རིགས་ཡར་ཐོན་གྱི་ལོ་རྒྱུས་གཏོད་པའི་རྟ་ལྕག་རེད་ལ། མི་བུ་སྒེར་གྱི་སེམས་ཀྱི་དྲི་མ་འཁྲུད་བྱེད་ཀྱི་འདག་རྫས་དེ་བས་ཡིན། དཔེ་དེབ། ཁྱེད་ནི་ལྷ་ཆོས་ཀྱི་སྙིང་པོ་ཐར་པའི་ལམ་དུ་བགྲོད་པའི་སྐས་ཀ་དང་། རིག་གསར་སཱ་ཡན་སི་ཡི་བང་མཛོད་ཀྱི་སྒོ་མོ་ཕྱེ་བའི་ལྡེ་མིག་རེད་ལ། མི་སྒེར་གྱི་ཞེ་རྟིང་གི་ལྟ་དགོངས་ཀྱི་རྒྱབ་རྟེན་དེ་བས་ཡིན། དཔེ་དེབ། ཁྱེད་ནི་སྤྱི་ཚོགས་བདེ་ལ་བཀོད་ཐབས་ཀྱི་ཇུས་ཆེན་སྐུ་ཞབས་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་ནོར་ལྷ་ཛམྦྷ་ལའི་སྐུ་བག་རེད་ལ། མི་རིགས་མཐུན་སྦྱོར་གྱི་བར་ཁའི་སྦྱར་སྤྱིན་དེ་བས་ཡིན། དཔེ་དེབ། ཁྱེད་ནི་གཞན་སེམས་རྟོགས་པའི་མངོན་འགྱུར་གྱི་བློ་དང་། རང་བློ་གཞན་ལ་སྟོན་པའི་ཨ་དར་ཤ་དང་ཨ་ན་མ་ནའོ། སྤྱི་ཟླ ༤ ཚེས ༢༣ ནི་འཛམ་གླིང་རྩོམ་རིག་མཚོན་རྟགས་ཀྱི་ཉིན་མོ་དང་། སཱི་པཎ་ཡའ་གྲགས་ཅན་རྩོམ་པ་པོ༼སཱི་ཝན་དི༽དང་དབྱིན་ཇིའི་གྲགས་ཅན་རྩོམ་པ་པོ༼ཤག་སི་པཱི་ཡ༽གཉིས་ཀྱི་སྐུ་འདས་པའི་དྲན་གསོའི་ཉིན་མོ་རེད་ལ། སྐུ་ཞབས་ཤག་སི་པཱི་ཡ་ཡི་འཁྲུངས་སྐར་ཡང་ཡིན་གཤིས། ༡༩༩༥ ལོར་མཉམ་འབྲེལ་རྒྱལ་ཚོགས་རིག་སློབ་ཚན་རྩལ་སྒྲིག་བཙུགས་ཀྱིས་སྤྱི་ཟླ ༤… མང་དུ་ཀློག >

࿐ཝེ་་་དགའ་མ་ལགས།

བུ་རང་སྣངྒིས། ངའི་སེམས་ཀྱི་རྡོག་ཁྲེས་འདྲ་བའི་མོལ་མཆིད་དེ། དུས་དེ་རིང་དཔྱིད་དཔལ་གསར་བཞད་སྐབས་དང་བསྟུན། ཁྱོད་དགའ་མའི་སྙན་དུ་བློ་སྟོབས་རབ་བསྐྱེད་དེ། ཞུ་བསམ་ན་སྙན་ཅོག་མ་གཡེང་བདག་ལ་གསོན། ང་ཁུ་བའི་བདག་ཉིད་ཞིག་གི་ལྟ་སྟངས་ནས། ཁྱོད་སྨད་ཆུང་དུག་ཆུར་ཞེན་པའི་འདོད་སྲེད་དེ། བློ་ཞེན་པ་ལྡོག་པའི་རང་བཞིན་སྐྱུག་མེར་ལས། དཔའ་བློ་ཁོག་འདུག་སྙམ་ཞེ་ནས་ཡོང་མྱོང་མེད། ང་བུ་ཕྲུག་གཅིག་གི་ཨ་མར་འཛིན་སྟངས་ནས། ཁྱོད་གཡོས་སྦྱོར་བོར་ཏེ་ཆང་འཐུང་འཕྲལ་སྐྱིད་དེ། སྐྲ་ཟིང་ཟིང་འགུལ་བའི་བདུད་མོ་བུ་ཁྲིད་ལས། བྱམས་བརྩེ་བས་ཕྱུག་སྙམ་ཞེ་ནས་ཡོང་མྱོང་མེད། ང་གྲོང་པ་ཁྱིམ་མཚེས་ཞིག་གི་མིག་ཟུང་ནང་། ཁྱོད་མྱོས་པའི་ཚུགས་ཀ་མི་བརྟན་ཁྱར་ཁྱོར་དེ། ཚུལ་འཆལ་བའི་མཚན་རྒྱུའི་སྐྱེས་དམན་ཐ་ཤལ་ལས། ཁྱིམ་འཛིམ་མ་རྣམ་དག་རེད་སྙམ་ཡོང་མྱོང་མེད། ང་ཉི་མ་ལ་ཁའི་རྒན་གྲས་སེམས་ཁམས་ནང་། ཁྱོད་ཉིན་མཚན་ཆང་ལ་ཞེན་པའི་རྣམ་ཐར་དེ། བོད་གདོང་དམར་རིགས་རྒྱུད་སྟོངས་བའི་སྔ་ལྟས་ལས། འཇོན་མཐུ་དཔུང་སྐྱེས་པའི་རྟགས་སུ་མཐོང་མ་ལགས། རང་སྣང་བཀྲ་ཤིས་སྟོབས་རྒྱལ།

སྙིང་ལ་ཟུག་པའི་བུ་མོ་དེ།

སྙིང་ལ་ཟུག་པའི་བུ་མོ་དེ། སྐད་ཆའི་སྒྱུ་རྩལ་ནི་སྙན་ངག་རྩོམ་རིག་ཙམ་ཟད་དངོས་ཡོད་འཚོ་བའི་སྐད་ཆ་ལ་མེད་ཐབས་མེད་པ་ཞིག་ཀྱང་རེད། དེ་བས། རང་ཉིད་ཀྱི་ཚབ་ཏུ་ཐ་སྙད་ཁོ་བོ་བཞག་ནས་རང་ཉིད་དང་འབྲེལ་བའི་བརྩེ་དུང་གི་དངོས་བྱུང་གཏམ་རྒྱུད་ཅིག་བྲི་བར་བྱ་ན། ཀློག་པ་པོ་ཁྱེད་ཅག་ལ་དགའ་སྐྱོ་འདྲེས་མའི་ཚོར་བ་ཞིག་སྦྱིན་ཐུབ་པར་སྨོན། ལུག་རིན་པོ་ཆེ། ལུག་ཚང་དཔལ་ཡོན་གྱི་ཚོགས་གཙོ་ཡེ་ཤེས་བསྟན་འཛིན་ཡིན་ནམ་དྲ་ཐོག་ཏུ་ལུག་རིན་པོ་ཆེ་འབོད་པའི་མི་འདི་ཡིན།